R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༢༥
[A:༢༢༥]ཚོམས་དམར་གཉེར་ཚང་སོགས་ཀྱི་ཞིག་གསོ་ཕལ་ཆེར་གྲུབ། དབྱར་ཐོག་དེར་གནས་གསར་རྗེར་ངེད་རང་ནས་སྒེར་པའི་སྲས་མོ་ནུ་བོའི་ལྕམ་དུ་འོས་ཚུལ་ཞུས་པ་བཞིིན་མཛོད་པ་སོགས་ཚང་མ་གྲོས་མཐུན་གྱི་ཐག་ཆོད། དབྱུག་ཟླའི་ནང་ངེད་སྤུན་ནས་ཚོམས་དམར་དང་དངོས་གྲུབ་གླིང་ལ་རབ་གནས་འབྲིང་པོ་དང་། ཕུར་པའི་རབ་གནས་རྒྱས་པ་བགྱིས་དེ་སྔོན་ནས་རྗེ་བཙུན་དྲུང་སྐུ་ཁམས་ཉོག་མུ་ཡིན་པས་སྐུ་མདུན་ལ་ཡང་ཡང་བཅར་ཤིང་གང་ཅི་ཞུ་འོས་སླད་ཀྱི་འཆར་གཞི་བཅས་ཞིབ་ཞུས་ཐོག་ནས་ཐར་རྩེ་རྗེའི་བཀའ་བཞིན་ངོས་སྤུན་གུར་དྲག་བསྙེན་པ་བདུན་ཕྲག་ལ་སྡོད་པའི་དབྱུག་ཟླའི་ཉེར་དགུར་ཨ་ནི་ལགས་གཤེགས་ཞབས་རྗེས་རྣམས་ཀྱི་བཀོད་པ་དང་གུར་དྲག་དྲག་པོའི་སྦྱིན་བསྲེག་བགྱིས་ཏེ་དགོངས་རྫོགས་སྐོར་ཕལ་ཆེར་གྲུབ་པའི་ཚེས་མགོར་བདག་མོ་བསུ་བའི་སྔོན་འགྲོ་མགོན་ཁང་ཁག་ལ་འཕྲིན་འཆོལ་དང་ཁྱད་པར་སྐྱེད་ལྷས་སུ་རྟག་གཏོར་འཛུགས་པར་ངེད་སྤུན་ཕྱིན་པའི་ཞག་ཤས་རིང་དེ་བཞིན་བྱས་སྐབས་ཐོ་རེངས་ཤིག་ཁོ་བོ་སྤྱོད་ཁུང་ལ་རྐང་པ་ཤོར་བས་ལྷམ་ཡུ་སྒྲོག་བཅས་གཡམ་རྣོན་གྱི་སྟུབ་པའི་པུས་གཡས་འོག་ཙམ་དུ་རུས་པ་མཐོང་ཚོད་རྨ་བཅོས་བྱུང་ཡང་སྲན་སྐྱེད་པས་སྡུག་སྐམ་ལ་སོང་ཞིང་ནུ་བོ་དེར་ཡང་འཁྲུགས་ཉམས་གློ་ཐུ་མོས་ཞག་ཤས་ན་བ་དང་ཁོ་བོར་རྨི་ལྟས་བྱུང་ཚུལ་རས་བྱང་ལ་བྲིས་ཏེ་གཏོར་སྒམ་