R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༢༧
[A:༧༢༧]བས་བལ་ཡུལ་ནས་གཞན་ལ་མེ་མཇུག་བྱས་པར་གླང་མང་མཁར་གནས་གསར་བས་འཆམས་སོགས་རྣམ་གཞག་དཔེ་མེད་བྱས། དེ་ནས་ངེད་ཀྱི་གསུང་ངག་ཐོག་མ་འཆད་པའི་སློབ་མའི་གཙོ་བོ་ནུ་བོ་དེ་ཡིན་པས་དེ་སྐབས་ཆོས་ཀྱི་རྣམ་གྲངས་ཐོབ་ཚུལ་ནི། ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་སྣང་རྒྱུད་ཁྲིད་ཡིག་ཁོག་ཕུབ། དམ་ཚིག་གི་རྣམ་བཤད། ཕྱི་ནང་བསྐྱེད་རིམ་བཤད་པ། ཨ་མེས་ཞབས་ཀྱི་རླུང་བཤད་རྣམས་གུང་བསྒྲིགས་ཐོག་ནས་འཆད་པར་སེམས་བསྐྱེད་ཆེན་མོ། སློབ་མ་རྗེས་འཛིན། རྒྱུ་དབང་མངོན་རྟོགས་བདུན་ལྡན། ལམ་དབང་བདག་མེད་མའི་བྱིན་རླབས། སྒྲུབ་པ་ལུང་སྦྱིན། གསང་བཅུའི་རྒྱས་གདབ་རྣམས་དང་བཅས་པའི་རྒྱབ་ཆོས་ལུང་སྐོར་ལ་བླ་མ་རྒྱ་བོད་རྣམ་ཐར། གོང་མ་ལྔ་ནས་མུས་ཆེན་སེམས་དཔའ་ཆེན་པོའི་བར་གོང་ཡབ་རྗེའི་སྩལ་སྐབས་བཞིན། དེ་ནས་ཀུན་མཁྱེན་སངས་རྒྱས་རིན་ཆེན། ཡོངས་འཛིན། ས་ལོ། དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ཡབ་སྲས་གསུམ། ཨ་མེས་ཞབས་ཡབ་སྲས་དབོན། ཡབ་རྗེ་རྡོ་རྗེ་འཆང་རྣམས་ཀྱི་རྟོགས་བརྗོད། རྩ་རྒྱུད་རྟགས་གཉིས་པོད་སེར་མ། དེ་གྲས་མངོན་རྟོགས་ཡན་ལག་བཞི་དྲུག དབང་ཆུ། ཡུམ་གྱི་མངོན་རྟོགས་བྱིན་རླབས་རྩ་ལྟུང་འཁྲུལ་སྤོང་། ཚོགས་འཁོར་འབྲིང་པོ། སྦྱིན་བསྲེག ལམ་སྐོར་ཕྱི་མ་བརྒྱད།