R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༢༨
[A:༧༢༨]པོད་དམར་མ། པོད་ནག་མ། རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་བསྐྱེད་རིམ་རྣམ་བཤད། ལུས་དཀྱིལ་རྩོད་སྤོང་། གཏོར་ཆོག་དང་བསྟོད་པ་ཉི་ཤུའི་བཤད་པ། ཚོགས་འཁོར་ཀུན་བཟང་རྣམ་རོལ་རྣམས་དང་། ཀུན་མཁྱེན་གྱི་གསུང་ཟླ་ཟེར་རྩོད་སྤོང་། ལུས་དཀྱིལ་དང་དབང་ཆུའི་རྣམ་བཤད། མངོན་རྟོགས་ཚུལ་བཅུ་བཞི། ལམ་དབང་ཡི་གེ ས་ལོའི་གསུང་གློ་བོ་མཁན་ཆེན་དང་ཞ་ལུ་ལོ་ཆེན་ལ་བསྟོད་པ། སྒྲོལ་མའི་མཚན་བརྒྱ། དུས་འཁོར་མཎྜལ། དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་རྒྱལ་སྟོང་མཆོད། རྒྱུད་གསུམ་བརྒྱུད་འདེབས། སྔགས་འཆང་ཆེན་པོའི་རྒྱུ་དབང་འཚམ་སྦྱོར། བསོད་ནམས་དབང་པོའི་ཉམས་རྟོགས་གོང་འཕེལ། གྲགས་པ་བློ་གྲོས་ཀྱི་ལམ་འབྲས་ཁྲིད་ཡིད། ཨ་མེས་ཞབས་ཀྱི་གསུང་ངག་ལམ་འབྲས་བླ་བརྒྱུད་རྣམ་ཐར་མདོར་བསྡུས་དང་སྦྱར་བའི་རྒྱུད་འདེབས། བིར་བསྟོད་གཉིས། ཀུན་མཁྱེན་སྐུ་བསྟོད། ལམ་འབྲས་ཁོག་ཕུབ་ཆེན་མོ། རྡོར་དྲིལ་ཕྲེང་བ་དགང་བླུགས་བུམ་པ་རྣམས་ཀྱི་བཤད་པ་ལེ་ཚན། བདེ་ཀྱཻ་ཕུར་པ་བདག་མེད་མ། ནཱ་རོ་མཁའ་སྤྱོད། ཀུན་རིག ཚེ་ཆོག་རྣམས་ཀྱི་མངོན་དཀྱིལ། བདག་མེད་དབང་གི་འཚམ་སྦྱོར། རབ་གནས་དོན་གཉིས་ལྷུན་གྲུབ། སེང་གེ་སྒྲའི་ཆོ་ག ཆབ་ཀླུ ཀུན་རིག་བསྙེན་ཐབས། རྣམ་སྲས་བསྐང་བ་རྣམས་དང་། ངག་དབང་ཆོས་