R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༢༩
[A:༧༢༩]གྲགས་ཀྱི་ཀྱཻ་རྡོར་ཕྱི་དཀྱིལ་རྣམ་བཤད་དང་ཀུན་རིག་ལྷོ་གོའི་ལྷན་ཐབས། སྒྲུབ་ཁང་པའི་ལས་བཞིའི་སྦྱིན་བསྲེག་རྣམ་བཤད། སངས་རྒྱས་ཕུན་ཚོགས་ཀྱི་གསུང་ངག་འཆད་ཐོ་དང་ངོར་གདན་རབས། སྔགས་འཆང་ཀུན་དགའ་བཀྲ་ཤིས་ཀྱི་དམ་རྫས་སྨན་ཐོ། བསྟན་པ་གསོ་ཆོག།ཀུན་རིག་བརྒྱུད་འདེབས། དམ་པ་དང་གྲགས་བློ་བས་མཛད་པའི་མགོན་པོ་མངའ་གསོལ། ངེད་རང་ནས་བརྩམས་གྲས་ཡབ་རྗེའི་སྐུ་བསྟོད་དུས་གསུམ་རྒྱལ་བ། ཐར་རྩེ་དང་གནས་གསར་རྗེའི་ཞབས་བརྟན་དང་གསོལ་འདེབས། ཨ་ཎི་དྲུང་། བྲག་རྩ་རྗེ། རྗེ་སངས་རྒྱས་ཡེ་ཤེས། གནམ་ཁའུ་པ། ཤཱཀྱ་མཆོག རྗེ་བཙུན་སྒྲོལ་མ་རྣམས་ལ་བསྟོད་པ། ཀྱཻ་རྡོར་རྣམ་བཤད་སྔགས་འཆང་མགུལ་རྒྱན། འཇམ་རྡོར་སྒྲུབ་དཀྱིལ། དམ་ཚིག་རྡོ་རྗེའི་བསྒོམ་བཟླས། ཞལ་གྱི་མངའ་གསོལ། བེག་རྩེའི་གཟུངས་མཆོག ཕྱག་གཉེར་གྱི་བསྐུལ་བའི་རིང་འཚོའི་བདེན་ཚིག་རྣམས་ཀྱི་ལུང་། རྗེས་གནང་སྐོར་ལ་རི་ཁྲོད་མ། རྣམ་འཇོམ་སྨེ་བརྩེགས་ལྗང་དུད། སྨན་བླ་མཆེད་བདུན། གནས་བཅུ། མི་གཡོ་བ་དཀར་སྔོན། འཇམ་དཔལ་དཀར་སྨྲ་སེང་། གང་བློ་རིག་གཏད། ཤེར་ཕྱིན་དཀར་མོ། དབྱངས་ཅན་དཀར་དམར། ནོར་རྒྱུན་སེར་མོ། འབྱུང་འདུལ་ལེ་ཚན། ས་པཎ་བླ་མའི་རྣལ་འབྱོར། བདེ་མཆོག་ལྷན་རྒྱས། འཇིགས་བྱེད་དཔའ་གཅིག