R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༣༠
[A:༧༣༠]སེང་མདོང་སྔོ་དམར། འཇམ་ནག རྡོ་རྗེ་ཤུགས། ཁྱུང་ཁྲ་ནག་སྣ་ཚོགས་ཡུམ། གཙུག་གཏོར་འབར་བ། དྲག་དམར། སོ་འབྲང་དཀར་མོ། ཚེ་དཔག་སྤྲུལ་སྐུ། ཁྲོ་མོ་རྨེ་རྩེགས། སྒྲོལ་དཀར། གཉན་སྒྲོལ། སྒྲོལ་དམར། བཅུ་གཅིག་ཞལ། དོན་ཞགས་ལྷ་ལྔ། སེངྒེ་སྒྲ། ཕྱག་རྡོར་དབུ་ཙ། ཕྱག་རྡོར་གཏུམ་པོ། ཕྱག་རྡོར་ཁང་བརྩེགས། རྟན་མགྲིན་ཇོ་ལུགས། རས་ཆུང་ལུགས། སྐྱེར་སྒང་ལུགས། ཟླ་རྒྱལ་ལུགས། ཛམ་སེར་ནག་དམར་པོ་ལུགས་གཉིས། དཀར་པོ་ལྷ་ལྔ། ཨ་པ་ར་ཙི་ཏ། ཞང་བློན། བཀའ་གདམས་ལྷ་བཞི། མགོན་པོ་ཕྱག་དྲུག་དཀར་ནག ལེགས་ལྡན་མཆེད་གསུམ། བེང་དམར། རྡོ་རྗེ་རབ་བརྟན་མ། ཚེ་རིང་མཆེད་ལྔ། སྒྲོལ་མ་ཉེར་གཅིག་ཉི་སྦས་ལུགས་རྣམས་བགྱིས་སོ། ། དེ་ལྟར་ཟླ་གསུམ་ལྷག་ཙམ་བགྱིས་ཤིང་། སྣྲོན་ཟླའི་ནང་ཙམ་ལ་ཕུན་ཚོགས་གླིང་དུ་ཕྱིན་ནས་ཆུ་སྟོད་ནང་དེ་རང་གི་གཟུགས་གཅོང་འཕྲོད་རྟེན་ཏུ་སྟོང་ཆེན་ནས་སྨན་ཆུ་བླང་བའི་སྦྱོངས་བྱེད་སྐབས་ངེད་རིག་བྱེད་མའི་ཆར་འབེབ་བྱེད་ཅིང་ཡོད་པས་ཟླ་བོ་ནས་གློ་བུར་རྡོ་རྗེ་སྦུག་ཏུ་ཤོག་ཟེར་བྱུང་ཕྲལ་ཏབ་ཏབ་པོར་རྒྱུགས་པས་རླུང་གི་རྣམ་པ་འདྲ་མོས་དྲན་མེད་འཆི་ལ་ཁད་དུ་སོང་འདུག་པས་ཐབས་གང་དྲག་བརྩོན་པ་བསྐྱེད་པས་དར་ཙམ་ནས་