R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༣༡
[A:༧༣༡]དབུགས་ཀྱི་རྒྱུ་བ་སླེབས་ཀྱང་དྲན་མེད་ཁོ་ནར་ལུས་པས་དེ་སྐབས་ཐར་རྩེ་དང་གནས་གསར་གཉིས་ཀ་བཞུགས་ཡོད་པས་སྐྱབས་འཇུག་ལྗགས་གུལ་གསུང་རྟག་ཞུས་པར་གཉིས་ཀ་ནས་འཕྲལ་འཚུབ་ལས་སྐྱོན་མི་འོང་གནང་བ་བཞིན་དགོང་ཇ་ཙམ་ནས་ཐུགས་དམ་བྱེད་ཁུལ་བྱུང་ཡང་མི་ངོ་ཤེས་ཤིང་གཏམ་མི་སྨྲ་བས་ངེད་རང་ཅར་སྡོད་ཀྱི་ཉིན་གང་འཁྱོལ། མཚན་མོ་ཟླ་བོ་རྣམ་དྲུང་དུ་བཞག་ནས་ངེད་རང་རྡོ་རྗེ་སྦུག་གི་མདོར་བསྡད་པས་ནམ་ཕྱེད་ཙམ་ནས་གཉིད་བདེ་མོར་འཁུགས་པས་ད་མི་ལྟོ་འམ་ཟེར་སང་ནམ་ལངས་ཕྲལ་གམ་དུ་ཕྱིན་པས་འདོན་པ་ཐུབ་ཙམ་འདུག་པས་དེ་ཉིན་གནས་གསར་རྗེར་ཚེ་དབང་ཞུས་ཤིང་དེ་ནས་རིམ་གསོས་ཀྱི་ཕུར་སྒྲུབ་སོགས་ལ་ཕེར་ཙམ་བྱུང་། དེ་དུས་ཐར་རྩེ་རྡོ་རྗེ་འཆང་དང་གནས་གསར་རྗེ་གཉིས་ཀས་བདག་མོར་དངོས་པོའི་གནང་སྦྱིན་བཅས་ལེགས་སློབ་ཟལ་ལྟ་རྩོལ་བར་བཙུན་མོ་སྤེའུར་སྐུ་དངོས་ཕེབས། སྟོན་འགོར་ཐར་རྩེ་རྗེ་ངོར་དུ་ཕེབས་སྐབས་རིག་འཛིན་ཕོ་བྲང་གི་སྒོ་སྒྲིགས་སོགས་ཤིན་ཏུ་འགྲིག་པར་མཛད་དེ་ཕེབས་སྐྱེལ་ཞུ་མིར་དེའི་གནས་ཚུལ་ཡིན་རྒྱུའི་རྣམ་པ་མཛད་ནས་ད་ནི་གཟིམ་ཆུང་ཡ་གིར་ཡང་དེ་ཙམ་མོ་གསུང་པ་འགྱང་མིན་ནས་ཞིང་རྗེ་བའི་གསུང་དུ་གནང་། སྟོན་ནས་དགུན་འགོོའི་བར་གནས་གསར་རྗེས་གསར་རྙིང་