R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༣༢
[A:༧༣༢]དུ་མའི་ཆོས་བཀའ་བསྩལ་མཐར་དབུས་ལ་ཕེབས། དགུན་བྲེལ་ཆར་འཕར་རྣམས་དང་ཤིང་ཁྱིའི་དཔྱིད་ངོས་ནས་ལམ་འབྲས་ཆོས་འཆད་གཉིས་པ་གྲུབ་ཕྲལ་ངེད་སྤུན་ནས་ཚོམས་དམར་དུ་ཞལ་གྱི་དམ་ཚིག་སྐང་བ་ནམ་ལང་ས་རུབ་ལྟ་བུར་སྒྲུབ་དུས་ངེད་རང་གཉིས་ནས་སྐུལ་རས་བྱས། དེ་ནས་འབུམ་ཐང་ཞིག་གསོའི་སྐོར་དང་དབྱར་ཙམ་ནས་མ་ལགས་དེ་བསྙུན་གྱིས་རིམ་བཞིན་བཟུང་བས་ཕུར་སྒྲུབ་དུས་བཞི་ཐོག་ཏུ་བཞུགས། ངེད་ཀྱི་ཕུར་སྒྲུབ་སྐབས་སྔ་ཕྱི་སྣ་ཚོགས་སུ་འབུམ་ཐང་གཟུངས་བཞུགས་འོད་ཟེར་དྲི་མེད་དཀྱིལ་ཆོག་བསགས་ཤིང་བཞི་ཐོག་ཏུ་རེ་གཉིས་ཡོང་དུས་ངེད་གཉིས་ནས་མ་ལགས་ཀྱི་དྲུང་དུ་རྐྱེན་སེལ་སོགས་གང་ཡོང་ཞུས་པས་སྐབས་ཞིག་དོ་ནུབ་བཞི་ཐོག་ཏུ་བཞུགས་ལ་སང་ཚོཊ་དུང་དུ་བྱུང་ནས་བྱོན་གསུངས་པ་བཞིན་བྱས་པས་འགྲོ་ཁར་ཤོག་གསུང་། སྐུ་མདུན་དུ་ཕྱིན་པས་ད་ལམ་ནད་འདིའི་ཁ་ནས་ཐར་བ་ཞིག་མི་ཡོང་འདྲ་བས་དེས་ན་ཉིད་རང་ནི་དར་བབ་གང་ས་ནས་བློ་ཀྱོག་མི་དགོས་འོན་ཀྱང་སྐུ་འཁྲུགས་མ་བྱུང་བར་མཛོད། གཅུང་པོ་འདི་ཐུགས་སེམས་ཆུང་ལ་སྐུ་གཅོང་ཆེ་ཞིང་བདག་མོ་གྱོང་བ་སོགས་འོ་རྒྱལ་བྱུང་དོགས་དང་སྐུ་ཚེའང་ཧ་ཅང་རིང་བ་ཞིག་མ་བྱུང་དོགས་པས་ནམ་བཞུགས་བར་སྐུ་མཆེད་ད་ལྟ་བཞིན་ཐུགས་མཐུན་པ་དང་དབུ་འདོོན་ཡང་དག་མཛོད། གཞན་རྗེ་བཙུན་མ་རྣམས་དང་ཞབས་