R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༣༤
[A:༧༣༤]འདེབས་སོགས་རྗེས་སྒྲུབ་རྣམས་ཞུས། དེའི་དགུན་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་དང་མཇལ། རྒྱལ་ཟླའི་བཅུ་གཉིས་ལ། ཐར་རྩེ་རྡོ་རྗེ་འཆང་ཞིང་རྗེས་པས་དགོངས་རྫོགས་སྒྲུབ་མཆོད་རྣམས་ངེད་གཉིས་ནས་གང་ལྕོགས་ཞུས། ཤིང་ཕག་ནག་ཟླའི་ཚེས་མགོ་ནས་ཆུ་སྟོད་ཟླ་སྐྱེད་བར་ངོས་ལ་ཁྲག་རླུང་ནད་གཞི་ཐུ་མིན་སྣ་ཚོགས་བསྟུད་མར་བྱུང་བས་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་གི་རིམ་གྲོའི་ཞལ་བཀོད་དང་རྐྱེན་སེལ་སྩལ། དེ་ལོའི་རིལ་སྒྲུབ་ནུ་བོ་དེས་བགྱིས་ཤིང་རྗེ་བཙུན་གོང་མའི་བདུད་རྩི་རིལ་བུའི་རྟ་རྣམས་མང་དུ་སྤེལ། ཆུ་སྟོད་ཟླ་ནང་ནས་ངོས་ཀྱིས་ཐུབ་བསྟན་མཁན་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན། རི་ཁུད་སྤྲུལ་སྐུ་བསོད་ནམས་དབང་ཕྱུག་སོགས་ལ་ཆོས་འཆད་བྱས། དེང་དུས་ཀྱང་དབང་སོགས་ཁ་ཤས་ལ་ནུ་བོ་དེ་ཡང་ཡོད་པས་དེ་ལས་འཕྲོས་འདིར་ཡང་ངེད་རང་ལས་སྔ་ཕྱིར་ཆོས་ཐོབ་ཚུལ་འགའ་ཞིག་སྨོས་ན་བདེ་མཆོག་ནག་པོ་པ། དྲིལ་བུ་ཕྱི་ནང་། གསང་འདུས་འཕགས་ལུགས། ཡེ་ཤེས་ཞབས་ལུགས། འཆི་མེད་རྔ་སྒྲ། མི་འཁྲུག་ལྷ་དགུ། རིགས་གསུམ་སྤྱི་དབང་། སྦྱོངས་དཀྱིལ་བཅུ་གཉིས། གཤེད་དམར་ལྷ་ལྔ། དྲ་མེད་རྣམ་གཉིས། གུར་དྲག ཨ་ར་པ་ཙ་ལྷ་ལྔ། ཡང་དག ཕུར་པའི་སྟོད་སྨད། རྟ་མགྲིན་ཡང་གསང་སོགས་ཀྱི་དབང་། ཚེ་དབང་གྲུབ་