R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༣༥
[A:༧༣༥]རྒྱལ་བླ་མ་ཞི་ཁྲོ། ལྕགས་སྡོང་། ལྷ་མང་། ལྕགས་སྡོང་འཆི་མེད་འདོད་འཇོ་ལུགས། ལྕགས་སྡོང་ངག་ཆོས་ལུགས། རྡོ་རྗེའི་སྲོག་ཤིང་། ཡང་སྙིང་ཀུན་འདུས། སྒྲ་མི་སྙན། ཚེའི་རྫོང་ཆུང་། གུར་ལྷ་བརྒྱད། ཁྲོ་བཅུ། ཧྲཀྴད། དམག་ཟོར། ཞལ་བསྙེན་ངུས། བེག་རྩེ། དུར་ཁྲོད་བདག་པོ། པུ་ཏྲ། བྲན་བདུད། དཀར་བདུད་ལས་གཤིན་རིགས་གསུམ། དམར་པོ་སྐོར་གསུམ། རྣམ་སྲས། ཕྱག་རྡོར་ཁང་བརྩེགས། ཞང་བློན། ཚོགས་བདག ཆགས་པ་རྡོ་རྗེ་སོགས་རྗེས་གནང་ཁ་ཤས། གཞན་ཡང་ལུང་སོགས་མང་ཙམ་ཐོབ་ཆོད་ཡིན། དེ་ནས་ལོ་དེའི་སྟོན་དང་མེ་བྱིའི་དཔྱིད་བར་ངེད་གཉིས་ནས་གཙང་དབུས་མཆོད་ཡུལ་རྣམས་མཇལ་བར་ཕྱིན་དུས་ས་སྐྱ་ནས་ཐོན་སྐབས་ནུ་བོ་དེས་ད་ལམ་ངའམ་མཐུ་སྟོབས་གང་རུང་ཞིག་གི་ཕུང་པོ་དབུས་སུ་བཞག་འགྲོ་ཟེར། གང་ལྟར་དེ་དུས་གོང་ས་རིན་པོ་ཆེ་སྐུ་ལྟེམ་ཚུལ་བཞེས་སྐབས་ཡིིན་པས་མཇལ་ཕྱག་ཇི་འདྲ་འོང་འམ་ཟེར་མུ་དང་རོང་སྣེར་སླེབས་དུས་རྒྱལ་རྩེར་འབྲུམ་དོགས་སོགས་གང་ས་ནས་འཚེར་དུང་ངེ་ཕྱིན་པས་རྒྱལ་བ་ཡབ་སྲས་བཀའ་བློན་རིན་པོ་ཆེ་རྣམས་སོགས་ཆེ་གཉན་ཚང་མས་སྤྱན་སྐྱང་བཀའ་དྲིན་སྐྱང་ཞིང་། སྤྱི་སྒེར་ལྷ་སྡེ་མི་སྡེས་བྱམས་པ་སོགས་ས་སྐྱའི་རྗེ་བཙུན་གོང་མའི་སྐུ་དྲིན་ལ་འཁོར་མཐའ་མ་མཆིས་ཤིང་།