[A:༧༣༦]ལྷག་པར་གྲུ་འཛིན་ཕོ་བྲང་མཆོག་ནས་ཀུན་གཟིགས་བདུན་པ་ཆེན་པོས་བདག་རྒྱན་མགོ་འདྲེན་མཆོག་གི་རྗེས་སུ་བཟུང་བས་སྤྱིར་བག་དྲོ་ཞིང་། ཡང་དགོས་དེ་སྔོན་གཞན་ནས་མཇལ་ཕྱག་ཞུས་པའི་ཉེན་བླང་སྐུ་ཁམས་ལ་གནོད་པ་འདྲ་ཡང་བྱུང་ཡོད་ཚོད་འདུག་ཀྱང་། འབྱོར་ཕྱག་ཞུས་ནུབ་མཚན་གཟིམ་འཇམ་པ་དང་། ཞབས་བརྟན་ཕུལ་བ་ནས་སྐུ་ལ་དང་སྐྱེད་བཞེས་པ་སོགས་གོང་ས་རིན་པོ་ཆེ་དེ་ཉིད་ཀྱི་རྣམ་ཐར་ལྕང་སྐྱ་རྡོ་རྗེ་འཆང་གི་གསུང་རྩོམ་དེ་ནའང་བསྔགས་བརྗོད་བཅས་འཁོད་པ་གནང་འདུག་པས་ངེད་སྤུན་ལ་དེ་འདྲའི་ནུས་པ་མ་མཆིས་ཀྱང་གྲུབ་མཐའ་རིས་མེད་མཁས་གྲུབ་ལ་གུས་ཤིང། ཁྱད་པརཁྱད་པ་རྒྱལ་བ་ཡབ་སྲས་འདི་རྣམས་སྙིགས་དུས་བསྟན་འགྲོའི་མགོན་དུ་བསམ་བཞིན་ཕེབས་པ་ཡིན་སྙམ་པའི་དད་པ་རྗེས་ཟློས་མིན་པ་རང་བྱུང་དུ་ཡོད་པས་རྟེན་འབྲེལ་དེའི་གནད་དང་གོང་ས་རིན་པོ་ཆེ་ཉིད་ཀྱི་ཐུགས་རྗེས་གཟིགས་པ་ལ་ནི་ཐེ་ཚོམ་མེད་པས་འདི་ཙམ་ཞིག་ས་སྐྱའི་རྗེ་བཙུན་གོང་མའི་ཞབས་ཏོག་ཏུ་རྔོ་ཐོགས། དེ་དུས་ཆོས་འཆད་ཕལ་ཆེར་ཁོ་བོས་བྱས་པས་གོ་ཆོད་འོན་ཀྱང་ནུ་བོ་དེ་ནས་ཕྲན་ཙམ་བྱས་གྲས་ལྷ་སར་སྤོ་ར་སྡེ་བགྲེས་ལ་ལམ་ཟབ་བླ་མའི་རྣལ་འབྱོར་དང་ཀྱཻ་རྡོར་བསྙེན་ཐབས་ཀྱི་ལུང་ཕུལ་གོང་མའི་སྐུ་ཚབ་ཤུ་ཨམ་ས་ངོས་ཕྲད་ལ་ཕེབས་བྱུང་བས་ནུ་བོ་དེ་བཅོས་མེད་རང་ཡིན་པས་ལྷ་པར་མཉེས་ངེད་ཇོ་བོ་དྲུང་རབ་