R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༣༧
[A:༧༣༧]གནས་ཆིག་སྒྲུབ་དུས་ནུ་བོ་དེས་གཟིམ་ཆུང་ཁམས་གསུམ་དུ་རྨེ་རྩེགས་ཁྲུས་བགྱིིས་དུས་གོང་ས་རིན་པོ་ཆེར་སྐུ་དོག་རྟགས་བྱུང་འདུག་ཀྱང་ཞུ་མ་ནུས། གོང་དུ་སྨོས་པ་བཞིན་གཟིམ་དཔོན་མཐུ་སྟོབས་ཀུན་དགའ་རྒྱས་འཁྲུགས་ཀྱི་ན་བས་ལྷ་སར་ལུས་ཐོག་ནས་དུས་ཆོས་སུ་གྱུར་པའི་རྗེས་སྒྲུབ་རྣམས་ལ་ནུ་བོ་དེ་རང་ནས་བསྐུལ་མ་བགྱིད་པ་སོགས་བྱས་ཤེས་དྲིན་ཟོ་ཡ་རབས་ཀྱི་རྟགས་ནི་དགའ་མོ་འདུག བཅོ་བརྒྱད་དུ་སྐུ་ངོ་རྣམས་ལ་སྒྲོལ་མ་མཎྜལ་བཞི་ཆོག དེའི་མཚན་བརྒྱ། གནས་གསར་རྗེའི་སྐུ་བསྟོད། ངེད་རང་མཆེད་རིང་འཚོའི་བདེན་ཚིག་རྣམས་ཀྱི་ལུང་། བསམ་ལས་སུ་ཀྱཻ་རྡོར་རྒྱུ་དབང་ཚར་དྲུག རྟ་མགྲིན་སྐྱེར་སྒང་རྗེས་གནང་། དབུ་རྩེ་རིགས་གསུམ་གླིང་བཞི་གླིང་ཕྲན་གཙུག་ལག་ཁང་རྣམས་ལ་རབ་གནས་ཆོ་གའི་སྒོ་ནས་མེ་ཏོག་གཏོར་སོང་བར་ཐལ་རླུང་བྱུང་བས་རང་གཞན་ལ་མི་ཤིས་པ་འདྲ་གཏེར་སྟོན་རིན་པོ་ཆེ་ཀུན་བཟང་བདེ་ཆེན་རྒྱལ་པོར་གང་ཅིའི་གསུང་བརྟག་ཞུས་པས་ནུ་བོ་དེ་ཁོང་གི་ཆོས་བདག་གཏེར་ལུང་ལས། ནུབ་ནས་ས་སྐྱའི་གདུང་བརྒྱུད་བྱང་ཆུབ་སེམས། །ཞེས་ལུང་ཟིན་དེ་ཡིན་འདུག་གསུང་ཞིང་ཚེ་ཚད་མ་ངེས་གསུངས་པས་ལུང་བསྟན་ཐིག་པོ་ཡིན་འདུག་ཅིང། ལོ་དེའི་མགོ་ཟླའི་ཉེར་གཉིས་ལ་བདག་མོར་འཆི་མེད་བུ་ཁྲིད་དམ།