[A:༧༣༨]ཆོས་མིང་འཆི་མེད་བསྟན་པའི་ཉི་མ་འདི་བཙས་ཚུལ་གཉེར་དཔོན་བགྲེས་པོས་བསམ་ཡས་སུ་ཡི་གེ་སྐུར་བྱུང་། བསམ་ཡས་ནས་རྩེ་ཐང་དུ་ཐོན་ཁར་སྒེར་ཡུམ་གྲོང་། རྩེ་ཐང་འབྲས་གླིང་ན་གྲྭ་པ་ཞིག་ལ་ཆོས་སྐྱོང་ཡིན་ཁུལ་ཞིག་འབབས་འདུག་པ་ངོས་ནས་སྔར་མེད་ཀྱི་སྲོལ་གསར་མི་དགོས་བྱས་པས་ཁོ་པ་ཚིག་ཟའི་ཞེ་ནག་གིས་ངེད་ཀྱི་ནུ་བོ་འདས་དུས་ཀྱང་གནོད་འཁྱོལ་ཚུལ་ངོ་སོ་བྱེད་པ་དང་། གཞན་ཡང་འབྲས་གླིང་པར་མི་ཤེས་པ་གང་བྱུང་ཡང་ཁོ་པས་ཡིན་ཚུལ་དང་། རྩེ་ཐང་ལུང་སྤྱིར་ཡང་ཆར་པ་བསྲུང་ཚུལ་སོགས་བྱས་ཤིང་ལུས་གཡར་ཁོ་རང་ནས་ཀྱང་གྲྭ་ཚང་དཀྲུག་ཤིང་བྱེད་པ་སོགས་ཞིང་བཅུ་ཚང་བའི་ལས་ལ་མཐུ་རྩལ་ཡིན་པའི་ཁ་པོ་སྟོན་སྐད་འདུག་པས་དགྲ་བགེགས་ངོ་མཚར་ཅན་ཤཱཀྱའི་བསྟན་ལ་རྒྱབ་ཀྱི་ཕྱོགས་པ་ཞིག་ཡིན་པ་ལ་ནིི་ཐེ་ཚོམ་མི་འདུག བཟང་ངན་གང་ཡིན་ནའང་ཡིན་དུ་ཆུག རང་རང་གི་ཐོག་ཏུ་རྣམ་སྨིན་ཁུར་ནས་འགྲོ་དགོས་ཡིན་འདུག་གོ གང་ལྟར་དེ་ཁུལ་བྲེལ་བ་ཆོད་ནས་ཡར་ལུང་དུ་གནས་གསར་རྗེས་ལུགས་གཉིས་བདག་རྒྱན་ཚད་མེད་བསྐྱང་། ཤེལ་བྲག་གནས་སྐོར་གྲུབ་ནས་སྒེར་པར་སྡོད་རྩིས་ཀྱི་ལམ་ཞོར་བཙན་ཐང་ལྷ་ཁང་དུ་ཉི་མ་མ་ཞུད་ཙམ་ལ་འབྱོར། དེ་ནས་སྒེར་པར་འགྲོ་ལམ་དུ་ས་སྲོས་ཁྲོམ་རྣམས་ནས་ལྷ་རྒྱལ་འཐེན་པས་རྟ་འུར་ལ་ཁད་བྱུང་སྒེར་པས་གཟབ་གཤོམ་དཔེ་མེད་བྱུང་ཡང་