[A:༧༣༩]གཤེགས་མོའི་ཞེ་དགུ་འཛིན་སྐབས་ཡིན་འདུག་ཅིང་། ངོས་སྤུན་ནས་ཀྱང་གཤེགས་བཞུགས་ཚང་མར་བབ་འབྲེལ་གང་ཡོང་བགྱིས་ནས་གྲ་ཕྱི་སོགས་སུ་རིམ་ཐོན་དུས་སྒེར་པ་ནས་རྣམ་སྲས་གླིང་བར་ཐལ་རླུང་ཁོ་ན་དང་སྒེར་པའི་ཡབ་ལ་ཤངས་ཁྲག་བྱུང་བ་སོགས་མི་ཤིས་པའི་མཚན་མ་བྱུང་། བྱེ་ཚོགས་སུ་ཀྱཻ་རྡོར་རྒྱུ་དབང་ཚར་གཉིས། གྲྭ་ཐང་དུ་འཇམ་དབྱངས་དམར་སེར་ཀྱི་རྗེས་གནང་། དད་ཆུ་མ་དང་གོང་མ་ལྔ་བསྟོད་ཀྱི་ལུང་། གདུང་ཕུད་དུ་བླ་མ་ཞི་ཁྲོ་དང་། ཡར་ལམ་ཡར་འབྲོག་ཐར་གླིང་དུ་ཀྱཻ་རྡོར་རྒྱུ་དབང་ཚར་གཉིས། ངོར་ཚོགས་ཆེན་ལ་འཇམ་དབྱངས་དམར་སེར་དང་། ཐར་རྩེར་ཚེ་དཔག་དཀར་པོའི་རྗེས་གནང་རྣམས་བྱས་སོང་།
དེ་ནས་ཤབ་དང་བོ་གདོང་སོགས་བརྒྱུད་ས་སྐྱར་འབྱོར་ཞིང་། དགའ་སྟོན་གཏང་རག་སོགས་བྱས་ཏེ། ས་ག་ཟླ་ནང་བན་ཚང་པར་དམ་ཚིག་བསྐང་གསོ་བཙུགས་པའི་ཚོགས་དབུར་ངེད་གཉིས་ནས་ཕྱིན་པས་ཚུགས་དགོང་གཙོ་གཏོར་མདུན་རྒྱབ་བྱེ་ནས་ཞིག་པའི་གཏོར་དར་མཆོད་མེའི་ཁར་ལྷུང་གྲུབ་ཀྱི་མེ་ཉན་ཀྱང་ཆེན་པོ་བྱུང་འདུག་ཀྱང་མཚན་གང་མ་ཤེས་སང་བསྐང་གསོ་འཚོག་ཁར་མཆོད་དཔོན་ལ་ཏི་ཚབ་ལང་འདུག་ཀྱང་བྱ་ཐབས་མ་བྱུང་ཞིང་ངེད་རྣམས་བདག་བསྐྱེད་བྱེད་སྐབས་གཏོར་མ་བྱེ་བ་དེ་