R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༤༠
[A:༧༤༠]སྦྱོར་དུ་བཅུག་ནས་བསྐང་བ་བྱེད་དགོས་བྱུང་བ་ལོ་དེའི་སྟོན་བདག་མོའི་ཞེ་གྱོང་སྐོར་དང་ཕྱི་ལོ་ནུ་བོ་དེ་མི་སྡོད་པའི་ལྟས་སུ་འདུག སྣྲོན་ཟླ་ནས་ཆུ་སྟོད་ཟླ་ནང་བར་ངེད་ཀྱིས་ཚེ་དཔག་ལྷ་དགུའི་གཞི་བསྙེན་སྦྱིན་བསྲེག་བཅས་བགྱིས་དུས་ནུ་བོ་དེ་ཚོགས་དབུར་འགྲོ་མུ་ཡིན་པས་བདེ་མཆོག་སྒྲུབ་མཆོད་ཐོག་དེ་གྲས་གྲ་གཞོན་ཞིག་བུད། ཀྱཻ་རྡོར་སྒྲུབ་མཆོད་དང་བསྟུན་རྒྱུ་དབང་བྱེད་སྐབས་དབང་ཡོལ་ཤོར་བས་དཀྱིལ་འཁོར་ཕྱེད་ཙམ་ལ་སྐྱོན་པ་སོགས་མི་དགེ་བའི་ལྟས་དུ་མ་བྱུང། དེ་དུས་ཆུ་སྟོད་ཚེས་བཞིའི་དགེ་ཚར་འགྲོ་གོང་ངེད་ཐུན་ལ་ཡོད་ཐོག་རྡོ་རྗེ་རྒྱ་གྲམ་གྱི་སྟན་དང་དངོས་པོའི་སྟེར་ཆ་ཐོགས་ནས་རིང་འཚོའི་རྟེན་འབྲེལ་སྒྲིག་པར་སླེབས་བྱུང་བས་ཕྱག་འཚལ་དང་བཅས་སྨོན་ལམ་མང་པོ་ཞིག་བྱས་མཐར་ཁོང་རང་གི་རྒྱུན་འདོན་ཕྲེང་བ་ངེད་ལ་གཏད་ནས་དགེ་ཚར་སོང་བས་ཅི་ཡིན་ནམ་སྙམ་ཡང་ཕྱི་ལོ་ཟླ་ཚེས་དེ་ལ་ཞིང་རྗེ་རྒྱུ་ཡིན་འདུག་པས་དེའི་བརྡ་སྟོན་འདྲ་མོ་བྱུང་། དེ་ནས་གོང་དཀར་རྡོ་རྗེ་འཆང་ཆོས་དབང་རྒྱ་མཚོས་བཀའ་ཆོས་གནང་བའི་མགོ་ཚུགས། ཕུར་སྒྲུབ་སྐབས་ཙམ་ནས་བཟུང་བདག་མོས་དབུས་ལ་གཉེན་ཕྲད་འགྲོ་རྒྱུར་རྙེད་འོས་མིན་དུ་མར་ངེད་རང་སྤུན་ནས་བསྟུན་ཕྱོགས་རང་བྱས་རུང་ཇེ་ལོད་དུ་སོང་། ཁྲུམས་ཟླ་ནས་ངོས་ཀྱི་ཀླུ་སྡིངས་ཞབས་དྲུང་རིན་པོ་ཆེར་