R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༤༡
[A:༧༤༡]དབང་ལུང་ཁྲིད་སོགས་ཅི་ནུས་འབུལ་སྐབས་དང་། གོང་དཀར་རྗེ་ནས་དཔལ་རྩེ་སོགས་ཡོག་དཀྱིལ་ཆེན་མོ་རྣམསཀྱི་དབང་བསྩལ་བའམ་སྤུན་ལྷན་དུ་ཐོབ། དེ་དུས་ཀྱཻ་རྡོར་གཞི་བསྙེན་སྐྱར་རྩིས་ཀྱི་དམ་ཚིག་རྡོར་དྲིལ་བྱིན་རླབས་སོགས་དེ་རང་ནས་བགྱིས་ཤིང་མགོན་ཁང་བཞིར་ཕྲིན་འཆོལ་རིམ་གྲོ་སོགས་སྔོན་འགྲོའི་འཆམ་ལ་འཇུག་གོང་བདག་མོར་ཕྲལ་ཕུགས་ཀྱི་གླེང་འོས་ཚང་མ་བྱས་ཚོད་ཡིན་ཀྱང་དག་པ་སྟེར་བ་ཞིག་མ་བྱུང་འདུག་གོ ། གང་ལྟར་འདིར་ནུ་བོ་དེས་རྒྱུན་འདོན་རྣམས་སྨོས་ན། ལམ་ཟབ་ཕྱི་ནང་། བིར་སྲུང་ཕྱི་ནང་། ལམ་དུས་རྒྱས་འབྲིང་། བདེ་མཆོག་དྲིལ་བུ་ནང་དཀྱིལ། གཤེད་དམར་ལྷ་ལྔ། འཇིགས་བྱེད། ཡང་ཕུར། གུར་དྲག ལྕགས་སྡོང་མ། འཆི་བདག་འཇོམ་པ། གུར་བདུན་མ། བྲག་རྫོང་མ། ཀྱཻ་རྡོར། བདེ་མཆོག་གུར་ཞལ་སོགས་གཏོར་བསྔོ་ཆེན་མོ་བཞིན། དཀར་ཆ་བཞི། དབྱུག་གུ་ཆང་བུ། ཛམ་དམར་སྲོག་སྒྲུབ་ཆུ་སྦྱིན། རྡོ་རྗེ་མཁའ་འགྲོའི་སྦྱིན་བསྲེག ན་རོ་མཁའ་སྤྱོད་དང་ཚེ་དཔག་མེད་མ་གཏོགས་གདན་སའི་སྒྲུབ་དཀྱིལ་ཚང་མ་རྒྱུགས་ཤིང། ཤིང་ཁྱི་ནས་མེ་བྱི་ཁྲུམས་ཟླ་བར་ཉིན་ལྟར་སཙྪ་དྲི་མེད་སྙིང་པོ་ཅན་བཅུ་གཅིག་རེ། ལྕགས་ལུགས་ལོ་ཙམ་ནས་གཏོར་མ་བརྒྱ་རྩ། ཆབ་ཀླུ། འབྱུང་གཞི་ལན་གཏོར་རྣམས་ཟླ་རེར་གང་འགྲུབ་རེ། ལྕགས་རྟ་ནས་བཟུང་རྣམ་སྲས་