[A:༧༤༢]དུས་གཏོར། བརྒྱད་བཅུ་བཞི། ཉེར་གསུམ། ཉེར་དྲུག་ནས་གནམ་གང་བར་གྱི་དུས་གཏོར་ཕྱག་ལེན་བཞིན་འདོན་ཆ་དབྱངས་རོལ་ཚང་མ། ཉེ་ལྔར་གུར་དྲག་ཕྲིན་གཞུང་། ཁ་འདོན་དེ་རྣམས་ཀྱི་གཙོ་བོ་ཀྱཻ་ཕུར་གུར་དྲག་རང་ཡིན་ཞིང་། ཁྱད་པར་གུར་དྲག་ནི་བྱིས་པའི་དུས་ཀློག་མེ་ཤེས་གོང་ནས་བྱེད་ཁུལ་རང་བྱེད་ཀྱི་ཡོད་པས་སྐབས་ཤིང་བྲག་རྩ་རྡོ་རྗེ་འཆང་ནས་དེའི་དཔལ་གཏོར་ཕྱག་བཟོ་མ་ཞིག་ཀྱང་གསོལ་རས་གནང་ངོ་། །
གཞན་ཡང་གོང་དུ་བཤད་པ་ལྟར་གདན་སའི་འཁུར་རགས་རིམ་ཀྱང་བྱས་པས་གཤིན་པོ་དུ་མར་ལམ་སྟོན་དང་ཆོས་འཆད་སོགས་ཀྱང་ཕྲན་བུ་བྱས། ཡབ་ཡུམ་སྐུ་དྲིན་ཅན་རྣམས་ལས་ཀྱང་ངོས་ལ་མཐོང་ཆེ་བར་བྱེད་ཅིང་། འདི་ཕྱིའི་སྐྱིད་སྡུག་ལེགས་ཉེས་གང་བྱུང་ཡང་ངེད་ལ་རེ་བ་ལྟ་བུ་ཡིན་ཞིང་ངེད་རང་ནས་ཀྱང་དབུ་འདོན་གང་ཡོང་ཁུལ་ཡིན་ཀྱང་ལོང་བས་ལོང་བ་ཁྲིད་པ་ལྟ་བུ་ཡོང་ཉེན་ཡོད་འདུག དེ་ལྟར་རིགས་ཁྱད་ཅན་དུ་སྐྱེས། གཞོན་ནུ་ནས་དམ་པའི་མགོན་དུ་མ་དང་མཇལ་ཞིང་། སངས་རྒྱས་བསྟན་པའི་ཉིང་ཁུ་རྗེ་བཙུན་ས་སྐྱ་པའི་བཀའ་སྲོལ་གདན་ས་བཅས་བཟུང་ཆོག་པ་འདི་ནི་བདག་ཅག་སྤུན་གཉིས་ནས་རྙེེད་པའི་མཆོག་ལེགས་པར་བརྙེད་པ་ཞིག་ལགས་ཞེས་འཕྲོས་དོན་དུ་བཀོད་ནས། གོང་གི་འཕྲོས་དེ་ནས་མེ་ཁྱི་ཁྲུམས་ཟླའི་ཉེར་གསུམ་ནས་གཞི་