[A:༧༣]ཆོས་བཀའ་འགའ་ཞིག་གསན་པ་དང་ཚོགས་ཆོས་ཁ་ཤས་སྩལ་ནས་རྩེ་གདོང་དུ་ཕེབས།
མ་འགྱངས་པར་ཤར་ཆེན་ཀུན་དགའ་བཀྲ་ཤིས་ཀྱི་རྗེ་དཀོན་མཆོག་དཔལ་ལྡན་གྱི་དགོངས་རྫོགས་བཀའ་འགྱུར་གསེར་ཆོས་གྲུབ་པ་དང་པཎ་ཆེན་བྲང་ཏི་པའི་དངུལ་གདུང་གསར་བཞེངས་ལ་རབ་གནས་ཀྱི་ཕྱིར་ཨེ་ཝཾ་ནས་སྤྱན་འདྲེན་བྱུང་བ་བཞིན་ཕེབས་སྐབས་འདུས་ཚོགས་ཀྱི་སེར་ཕྲེང་དང་ཤར་ཆེན་གྱི་རྡོ་གཅལ་ནས་ཕེབས་བསུ་མཛད་པ་སོགས་ཀྱིས་བསྙེན་བཀུར་ཏེ་ཐོག་མར་གཙང་ཁང་དུ་པཎ་ཆེན་དངུལ་གདུང་ལ་རྗེ་ཉིད། ཤར་ཆེན། ཟུར་འཆད་པ། སྲིད་གསུམ་སློབ་དཔོན་སོགས་དཔོན་སློབ་ཉུང་ཤས་ཀྱི་རབ་གནས་མཛད་པར་དྲུང་ཆེན་བསོད་ཤེས་ཀྱིས་ཞབས་ཏོག་འབུལ་བ་གྱ་ནོམ་བཏབ་ཅིང། ཚོགས་ཆེན་དུའང་དགའ་སྟོན་རྒྱས་པར་སྒྲུབ།
དེ་ནས་གཟའ་སྐར་བཟང་པོ་ལ་གོང་གི་དཔོན་སློབ་རྣམས་ཀྱི་སྟེང་དབུ་མཛད་དྲུང་འཁོར་བསྙེན་སོང་སོགས་དཔོན་སློབ་མང་པོས་ཀ་དྲུག་མར་བཀའ་འགྱུར་ལ་རབ་གནས་ཉིན་གསུམ་མ་མཛད་དུས་སྦྱིན་བདག་གི་འདུས་ཚོགས་སུ་མང་ཇ་གདན་བཞེས་དཀར་སྤྲོའི་དགའ་སྟོན་དང་སླར་ཡང་འདུ་ཁང་དུ་རྗེ་འདི་དཔོན་སློབ་མཁན་ཟུར་སོགས་དྲག་བསྡུས་ལ་བུར་སྟོན་སོགས་མཛད་དེ་