R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༢
[A:༧༢]ཟླའི་ཉེར་བདུན་ཐོ་རེངས་སྐུ་གདུང་ཀྱཻ་རྡོར་སྦྱིན་བསྲེག་གི་སྒོ་ནས་ཞུགས་འབུལ་མཛད་དེ། ཡོས་ལོ་རྟ་ཟླའི་བར་ཀྱཻ་རྡོར་སྒྲུབ་མཆོད་དང་བླ་མཆོད་ཆག་མེད་མཛད། བཅོ་བརྒྱད་ཉིན་གདུང་རུས་བསྡུས་ཤིང་སྐུ་ཁྲུས་གསོལ་ཏེ་གདུང་ཚ་ཤིན་ཏུ་ཕོན་ཆེ་བར་གནང། དགོངས་རྫོགས་ཚོགས་ཆེན་གྱི་དབུར་རྗེས་འཇུག་རྣམས་ཀྱི་སྤྱན་དྲངས་ནས་རིམ་བཞིན་འདུ་ཁང་དང། འདུ་ཁང་སྟེང་དང། རོང་པོ་ཀ་དྲུག་མའི་ཚོགས་དབུར་བྱོན་ཏེ་ཡོན་བཤད་སྔོན་འགྲོའི་གསུང་བསྔོ་ཤིན་ཏུ་རྒྱས་པ་འཁོར་གསུམ་ཡོངས་དག་གི་སྒོ་ནས་པཎ་ཆེན་དམ་པ་དེ་ཉིད་ཀྱི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་མཛད། འདུས་ཚོགས་ལ་མང་ཇ་གདན་བཞེས་གྲལ་འགྱེད་ཚད་མེད་དང། རྒྱལ་ཚབ་ཤར་ཆེན་དྲུང་བསྔོ་རྟེན་སྤང་མཐོ་མཛད། དེ་སྐབས་ཤར་ཆེན་ལ་ཚེ་དཔག་ལྷ་དགུའི་དབང་སྩལ་ཞིང་ཐར་རྩེར་ཚོགས་ཆེན་ལའང་ཚེ་དཔག་ལྷ་དགུའི་དབང་དང། བདེ་མཆོག་ལཱུ་ཧི་པའི་དབང་སོགས་ཆོས་ཆར་ཕབས། དྲུང་ཆེན་བསོད་ནམས་ཤེས་རབ་པས་ས་སྐྱ་བཀའ་འབུམ་སོགས་ཐར་རྩེའི་ཕྱག་རྫས་ཁྱད་ནོར་རྣམས་ཕུལ། དོར་གྱི་ཐུགས་བྲེལ་རྣམས་གྲུབ་འཕྲལ་ཐུབ་བསྟན་རྣམ་རྒྱལ་དུ་ཕེབས་ནས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་བ་ལས་བདེ་མཆོག་དྲིལ་བུ་རིམ་ལྔའི་བྱིན་རླབས་དང་འཁྲིད་སོགས་