[A:༧༤]དངོས་འབུལ་ཤིན་ཏུ་རྒྱ་ཆེར་བསྟར་ཏེ་གདན་ས་ནས་རྩེ་གདོང་དུ་ཕེབས། ཤར་ཆེན་གྱིས་ཤིང་འབྲུག་ངོར་དུ་གསུང་ངག་གནང་སྐབས་སྣང་གསུམ་རྫོགས་ཙམ་ནས་བཟུང་ཡུན་རིང་བསྙུང་སྟེ་སྐུ་ཁམས་ཅུང་ཟད་དྭངས་པ་ན་ཐུགས་དམ་ཆག་མེད་རྣམས་གསོ་བའི་ཕྱིར་སྤྱན་འདྲེན་བྱུང་བ་བཞིན་ནག་ཟླའི་ནང་ཨེ་ཝཾ་དུ་ཕེབས་ཏེ་རྒྱུ་ལམ་གྱི་དབང་དང་ལམ་ཟབ་སོགས་ཐུགས་བཞེད་བཞིན་གནང་ནས་ཀླུ་སྡིངས་བཀའ་འགྱུར་ལྷ་ཁང་དང་གཟིམ་ཁང་གསར་བཞེངས་ལ་རབ་གནས་མཛད་ཅིང་ཕྱིས་ཀྱང་ཆག་མེད་ཁ་གསོ་ལན་ཁ་ཤས་གསན། གང་ལྟར་ངོར་གྱི་ཐུགས་བྲེལ་རྣམས་གྲུབ་འཕྲལ་གདན་སར་ཕེབས།
ཤིང་སྦྲུལ་དཔྱིད་ཐུབ་བསྟན་ནས་ཆོས་འོད་ཟེར་སྤྱན་དྲངས་ཏེ་གསང་འདུས་འཕགས་ལུགས། འཇིགས་བྱེད་ས་ལུག་བདེ་མཆོག་བོང་ཞལ་རྣམས་ཀྱི་དབང་དང་མཁའ་སྤྱོད་མའི་བྱིན་རླབས་བློ་སྦྱོང་དོན་བདུན་མའི་ཁྲིད་སོགས་གསན། སླར་ཡང་མེ་ལུག་དགུན་སྤྱན་དྲངས་ཏེ་ཀྱཻ་རྡོར་རྒྱུད་གསུམ་གྱི་བཤད་བཀའ་དང། བདེ་མཆོག་རྡོ་རྗེ་མཁའ་འགྲོ་དང། རྒྱུ་མ་ཆེན་མོའི་དབང། ཚེ་བཀའ་དང་རྗེས་གནང་དུ་མ་གསན།
ས་སྤྲེ་ཆུ་སྟོད་ཚེས་བརྒྱད་ལ་ཆོས་འོད་ཟེར་གཤེགས་པའི་དགོངས་རྫོགས་ཐུབ་བསྟན་དུ་མང་ཇ་གདན་ནོན་གདུང་འབུལ་