[A:༧༤༣]བསྙེན་ལ་འདུག ཐུན་ཚང་མར་འཇུར་ཞིང་ཐུན་མཚམས་རྣམས་སུ་རྒྱུན་འདོན་རྣམས་ཀྱང་མ་ཆག་པར་བྱེད་མུ་ནས་དབྱུག་ཟླའི་ཚེས་མགོར་བདག་མོས་དབུས་ལ་ལོག་ཕྱིན་པའི་རྐྱེན་བྱས་ཐོག་མར་སྲོག་རླུང་འདྲ་མོས་བདེ་བ་ནས་རིམ་བཞིན་ལུས་མི་བདེ་བ་བསྟུད་མར་བྱུང་ཡང་སྙིང་རུས་ཀྱི་འཚམ་ཧུར་ཐེག་བྱས་ཤིང་། ངེད་རང་ནི་ཆོས་འཆད་དང་བྲེལ་བ་ཆར་འཕར་མང་ཐོག་བདག་མོའི་སྐོར་ལ་འཁྲུན་གཅོད་སྣ་ཚོགས་བྱེད་དགོས་དང་རིམ་གྲོའི་བཀོད་པ་སོགས་ལ་གཡེང་མུ་ནས་དུས་མདོས་ཕྲིན་འཆོལ་ཚུགས་པའི་ནང་སའི་ཕྲིན་འཆོལ་གྲུབ་ནས་རྟ་མགྲིན་ཡང་གསང་དབང་སྒྲུབ་བགྱིད་སྐབས་ས་སྐྱ་ཚོགས་ཀྱི་དར་ཆེན་ལ་རླུང་གནོན་སྒྲོག་ཐེག་འདོགས་མི་དར་ཆེན་ལོགས་ནས་ལྷུང་པའི་ཚེའི་དུས་བྱས་པར་ཚང་མ་ཡ་ང་ཞིང་རྣམ་རྟོག་ཟ་བ་ཞིག་བྱུང་བས་རྗེས་སུ་བསམ་ཚེ། མེ་གླང་ལོའི་དཔྱིད་རྒྱལ་བ་རིན་པོ་ཆེ་དང་དབྱར་ནུ་བོ་དེ་ཞིང་བརྗེ་བའི་ལྟས་སུ་འདུག་ཅིང་། དེའི་རྒྱལ་ཟླའི་ནང་ཙམ་ལ་ཡིན་ཚོད་ཀྱི་གང་ལྟར་དབུ་རྩེར་ངོས་སྤུན་གྱི་རྒྱུན་ཚ་རྣམས་ལ་བླ་མ་ངག་དབང་ལགས་ནས་རབ་གནས་བརྒྱད་ཚར་མཛད་སྐབས་ཉིན་གཅིག་འཇམ་དབྱངས་གཟི་འོད་འབར་བའི་སྤྱན་གཉིས་ནས་ཆབ་བབས་པའང་མེ་ཤེས་པའི་ལྟས་ཡིན་འདུག་ཅིང་། དགུན་ཐོག་དེར་བསྙེན་པའི་སྒང་ཕ་ལམ་ལུས་སེམས་མེ་བདེ་བཞིན་དུ་ཕྱོགས།