[A:༧༤༥]བོན་རྩིས་སོགས་ཀྱི་གཏོ་བཅོས་གང་དགོས་བཅས་འབད་སྒྲུབ་བགྱིས་ཀྱང་ཚང་མ་མ་དྲན་ཞིང་སྒྲུབ་ཐོ་རྣམས་ཀྱང་དེ་ཚོ་དེ་དུས་ལ་དག་པས་ཁྲ་གཞིའང་མེད། མཛོད་པ་དང་བྱེ་ཚོགས་པ་སླེབས་འཕྲལ་ལྷ་ཁང་རྩེར་ངོས་འགྲོའི་སྐུ་གསོལ་ཐོག་ལུང་ནན་ཞུ་བྱས་པས་རྦད་གཏོང་གི་ཆོ་འཕྲུལ་ཡིན་ཚུལ་གྱི་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་གི་གསུང་བརྟག་ནང་བཞིན་བགྱིས་ཐུས་བཅས་བྱུང་མཐར་ཕན་གནོད་ཀྱི་གསལ་གང་ཡང་མེད་པར་ཕད་བུ་ཞིག་ཏུ་ལྕགས་སླང་། གསེར། ཁ་བཏགས། ཟས་སྣ་བཅུག་མདའ་དར་གྱི་གཡབ་རེ་གཉིས་མཛད་མཐར་གོང་གི་གཤོམ་རྣམས་ཞབས་འོག་ཏུ་མནན་ཞགས་པས་བཅིངས་ཏེ་བྲག་ཆུང་གི་རིར་གནོན་ལ་དེ་ཁར་མཆོད་རྟེན་བྱིིན་ཅན་ཞོག་ཞེས་དང་། ཡང་ནམ་མཁར་ཡུལ་གྱི་གཟིགས་ཏེ་ལམ་གྱི་བཞི་མདོར་ལྷ་བབས་མཆོད་རྟེན་བཞེངས། གཟིམ་ཆུང་གཙོ་བོའི་ཤར་ལྷོར་རྒྱལ་མཚན་དཀར་པོ་འོད་ལྡན་འཚུགས་གསུང་སྲོག་སྐྱོན་ཡོང་མིན་ངེས་སྦྱར་ཞུས་ཀྱང་ལན་མེད་པར་ཡལ་སོང་བས་གང་ཡིིན་ནམ་ཟེར་བཞིན་རིམ་གྲོ་རྣམས་ནི་བྱས་ཕད་བུ་གཤོམ་བཅས་ཀྱི་དོན་ནི་མ་གོ་རྒྱལ་མཚན་དཀར་པོ་འཛུགས་རྒྱུ་དེ་ངེད་རང་གཟིམས་ཤར་ན་སྡོད་སྐབས་ཡིན་པས་གཟིམ་ཆུང་གཙོ་བོ་ཡིན་ཁུལ་བྱས་ནས་ཟླ་བོ་ཚོས་དེའི་ཐོག་ཁའི་ཤར་ལྷོར་བཙུགས་འདུག་པ་འགྱང་མིན་ནས་སྐྱ་ཆས་སུ་འགྲོ་བར་