R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༤༨
[A:༧༤༨]གང་ལྟར་ཡང་སྐྱེད་ཡོང་རེ་བྲལ་ཡང་རེ་བ་ཁོ་ནས་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་མཆོད་གནས་སུ་སྤྱན་དྲངས་པས་དབང་རྗེས་གནང་སོགས་དང་འཆི་བླུ་འཕྲིན་འཆོལ་ཞལ་བཀོད་གང་ལ་གང་འཚམས་སོགས་ཉིན་མཚན་རྟག་འགྲུས་འདྲ་མོ་བཀའ་དྲིན་བསྐྱང་། གསུང་བརྟག་ཡང་སྐྱར་ཞུས་པར་ནུ་བོ་དེར་རིམ་གྲོ་ཕྲན་ཙམ་མཛད་ནས་འུ་གུ་འདི་བས་སྐུ་ཞབས་གཅེན་གྱི་ཞབས་བརྟན་སྐུ་རིམ་ལ་བརྩོན་དགོས་འདུག་གོ ཞེས་ནུ་བོ་དེ་མི་འཚོ་བ་དང་ངེད་ལ་རྐྱེན་སེལ་དགོས་པའི་ལུང་གསལ་དེ་འདྲ་སྩལ་ཡང་ཧ་མ་གོ་བས། གཞན་ནས་ཅི་གསུང་གཅུང་རིན་པོ་ཆེར་གསུང་རྟག་ཞུས་ན་གཅེན་པོར་སྐུ་རིམ་མཛོད་གསུང་བ་ཡ་མཚན་ཞེས་སྒྲོགས། འཇམ་མགོན་དེ་ཉིད་ལན་ཅིག་ཁྱད་འཕགས་བྱང་དུ་གསུང་བསྐང་ལ་བྱོན་དུས་མགོན་ཁང་དུ་ཕེབས་མ་ཐག་ཆོས་སྐྱོང་རྣམས་ལ་བཀའ་སྐྱོན་འདྲ་མོར་སྔགས་འཆང་ཡ་གིའི་སྐུ་ལུས་ལ་དངས་བསྐྱེད་བཞེས་པ་ཞིག་དགོས་རྒྱུ་ཡིན་ཀྱང་མ་བྱུང་བས་ཁྱེད་རྣམས་བག་ཟས་པ་ལའང་ངོ་མ་ཚའི་གསུང་པས་སྐུ་མདུན་པ་རྣམས་འཇིགས་ཞུམ་པ་ཞིག་བྱུང་ཞེས་ཐོས་ངེད་རང་ནས་རྐྱེན་སེལ་མང་དུ་བྱས། དེ་རྣམས་ནང་ནས་ཕྱག་རྡོར་ཨུ་ཙརཡའི་རྗེས་གནང་བྱས་དུས་ཤ་པགས་ཀྱི་ཧྲག་ལ་ཚ་ཁྱུག་དུ་མ་བྱུང་ཟེར། མཁའ་འགྲོ་བསུ་ཟློག་ཞུ་བ་མཁའ་འགྲོ་མ་རྣམས་མཚོན་བྱེད་འཇིམ་གཟུགས་ལྷ་མོ་མདོག་དང་ལག་ཆ་