R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༤༩
[A:༧༤༩]སྣ་ཚོགས་འཛིིན་པ་རྣམས་ཡོལ་བའི་ཕྱིར་བཞག་ནས་དམིགས་པ་བརྟན་པོས་ཞུ་བ་ལན་རྣམས་ངེད་རང་ནས་བྱས་པའི་རྫོང་ཆོག་བྱས་པས་བསུ་བ་རྣམས་ཕྱིར་ལོག་པའི་མཚན་མ་མུས་ཆེན་བསོད་ནམས་དཔལ་བཟང་ལ་ཤར་བས་ད་སྐུ་དངས་སྐྱེད་བཞེས་ཐུབ་ཙམ་ཨེ་ཡོང་གསུངས་ཤིང་གདུགས་དཀར་བྱེད་འགྲོལ་སོགས་མཛད། ཞ་ལུ་ནས་བླ་གྲྭ་ཉི་ཤུ་ལྷག་ཙམ་ལ་བྱོན་ཞུས་པའི་བུ་ལུགས་བཟློག་ཆེན་བཞི། ཚེ་ཆོག དོན་ཡོད་ཞགས་པའི་གཟུང་ཆོག་སོགས་རིམ་གྲོ་འགའ་རེ་ཞུས་དུས་ཁོ་བོའི་བླ་མ་ཡེ་ཤེས་གྲགས་པ་དེ་ཉིད་ཀྱིས་སློབ་དཔོན་མཛད་པས་གདུགས་དཀར་མདོས་ཆེན་འཕེན་རྒྱུའི་སྔོ་དྲོ་ཁྲག་རླུང་བསྙུན་ཐུ་མོས་སྟེམས་པས། ད་མདོས་འདི་ཚར་བར་མ་ཤི་ཙམ་བྱུང་ན་དེ་ནས་ཤི་ཡང་བླ་གསུང་བ་སོགས་འཚུབ་ཉམ་རང་བྱུང་། རྣམ་གྲོང་རྡོ་རྗེ་འཆང་ནས་ཀྱང་ཚེ་བཀའ་སོགས་བསྩལ་ཏེ་ངེད་རང་ཚོར་སེམས་ལས་སྲུང་ཐབས་དགའ་མོ་ཡོང་རྒྱུའི་ཁུལ་མཛད་ཀྱང་ཐུགས་ཀྱི་ཚར་གཞི་དངོས་ནི་མི་འཚོ་བ་ཁོོ་ནར་དགོངས་པའི་དབུས་ལ་འཕྲལ་དུ་ཕེབས་དགོས་ཚུལ་ནན་སྩོལ་བཞིན་ཞུས་པས་སྣྲོན་ཟླའི་མཇུག་ལ་གོང་དཀར་དུ་ཕེབས་སྐབས་གསུང་ལས་ཁོ་བོས་རྗེས་སུ་གདན་སའི་སྐུ་གེགས་ཐམས་ཅད་འབྲང་ནས་འདིར་ཐུགས་ཕན་ཐོགས་པ་ཞིག་བྱུང་ན་དེ་ཀ་འབད་གསུང་བ་སོགས་མ་འོང་མཁྱེན་པའི་ལུང་བཅས་ཕྲལ་ཕེབས་