[A:༧༥༠]བཀའ་དྲིན་སྐྱང་། བདེ་མཆོག་ནས་ཨ་ལྕེ་མཆེད་བྱོན་ན་གསུངས་པར་ངོས་ཀྱི་རྒྱང་ཙམ་མ་བྱོན་པར་སྟོན་ཀ་ཙམ་བྱོན་པས་མཐུས་བྱས་པ་ཡིན་ཞེས་འཕྲོས་པས་སྟོན་དགུག་ལོང་མི་ཡོང་ཟེར།
ངེད་ཀྱང་དེ་སྐབས་ཆུ་ཚན་སྟོན་དཔྱིད་གཉིས་ཆག་མེད་བྱེད་དགོས་ཡོད་ཀྱང་དཔྱིད་ཆུ་འགྱང་ཞིང་གཏར་ཁའང་དེ་ལོ་ནས་བཟུང་ཇི་སྲིད་འཚོའི་བར་མི་རུང་ཞེས་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་ནས་གསུང་པས་ཆུ་གཏར་ཀ་མེད་པར་ཕུར་སྒྲུབ་འགན་བླང་ན་རྐང་ནད་ཡོང་ཚུལ་སྨན་པ་རྣམས་ནས་ཟེར་བས་ཆུ་སྟོད་ཟླ་ནང་ཁའུ་ཆུ་ཚན་ལ་འགྲོ་རྒྱུའི་ཉེར་བསྡོགས་ཚང་མ་གྲུབ་པའི་དེའི་ཚེས་ལྔའི་ཉིན་འགྲོ་ཤག་ཡིན་ཀྱང་གདང་མ་ཁེལ་བས་ཚེས་བཞིའི་ཉིན་ཞལ་དཀར་དཀོན་མཆོག་རྒྱལ་མཚན་ལ་གང་ཅིའི་མཚམས་ཞིབ་དྲིས་ཀྱི་བཅོས་སོགས་སྔར་མུ་བཞིན་གང་ལ་གང་འཚམས་བྱེད་གྲོགས་དང་མ་ངེས་པའི་ཡ་ཡུད་བྱུང་ཚེ་སངས་རྒྱས་འཕེལ་གདུང་རྗེ་བཙུན་གོང་མའི་བྱིན་ཕྱེ་འདི་རྣམས་ཞུ་ཐུབ་པ་ཞིག་དང་གང་ཅིའི་འཚམས་ལ་ཁྱབ་ཆེ་མཛོད་བྱས་པས་ད་ནང་ཕྱག་རྩ་ཧ་ཅང་གདེང་ཁེལ་ཞིག་མི་འདུག་པས་ད་ལམ་ཆབ་ཚན་བཤོལ་བ་གནང་ན་ཟེར། འོན་ཀྱང་རིང་བསྲེལ་སོགས་ཞལ་དཀར་བར་བསྐུར་ནས་ངེད་རང་ཡང་དེའི་དྲུང་དུ་ཕྱིན་པས་ཟླ་བོ་ཟི་ཁོལཁོལ་དང་རྒྱལ་ཚིང་མཆི་མ་འདོན་ཞིང་འདུག་པས་ཞལ་དཀར་བས་འཕེལ་