[A:༧༥༢]དེ་ནས་དར་ཙམ་ཞིག་ནས་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་སྤྱན་ཆབ་གནང་བ་ཙམ་གྱི་གསུང་འདར་བཞིན་དུ་དེ་རིང་བདག་སོགས་གདུལ་བྱ་ཀུན་གྱི་བསོད་ནམས་དུས་གཅིག་ཟད་པའི་གནས་ཚུལ་ངན་པ་དེ་འདྲ་མཐོང་བྱུང་བས། ད་ཆ་སྐྱབས་མགོན་དམ་པ་ཉིད་ཞབས་པད་ཡུན་བཞུགས་ཀྱི་དགོངས་པ་གཡེལ་མེད་ནས་བསྟན་དོན་ལ་རྒྱ་ཚང་མར་ཐུགས་བསྐྱེད་ཟབ་སྒྲོན་ཞུ་དགོས་ལའང་རིམ་བཞིན་གསན་བཞེས་ཐུགས་རྗེ་ཆེ་དགོས་ཞེས་དངོས་པོའི་གསོལ་རས་ཕྱག་འཚལ་དུ་མ་བཅས་གནང་བྱུང་བས་སྤྱིར་བདག་རང་བསོད་ནམས་དམན་པས་གཞོན་ནུ་ནས་ཡབ་རྗེ་རྡོ་རྗེ་འཆང་གཤེགས་གདན་སའི་ཁུར་མི་ཡོང་བཞིིན་དུ་བབ། བར་སྐབས་སུ་ཡ་ཧུད་ཡོང་ལ་ཁད་ཀྱི་གནས་ཚུལ་དུ་མའའང་བྱུང་། ཁྱད་པར་ནུ་བོ་དེ་བདག་རང་ལ་ཁྲི་ཞིང་གདན་ས་འཛིན་པར་མེད་ཀ་མེད་རང་ཡིན་ཀྱང་། སྡོད་རིང་ལུས་གཅོང་ཞིང་ད་ལོ་ནད་ཡུན་རིང་པོར་གང་ཡང་ཐུས་མ་ཤོར་བ་བསྐྱང་ཁུལ་དང་ཁྱད་པར་སྐུ་ཞབས་ཉིད་ནས་ཐུགས་བརྩོན་དེ་ཙམ་བཀའ་དྲིན་སྐྱང་སོང་ཡང་གེགས་ཆགས་བཟློག་མེད་ཀྱི་སྣང་ཚུལ་འདིར་བདག་ནི་ཚིག་པ་ཟ་རང་དྲགས་ཀྱང་བྱ་ཐབས་མི་འདུག་པས་སྐུ་ཞབས་ནས་དེ་ལྟའི་ཐུགས་ངལ་མི་བཞེས་པར་ཕྲལ་ཡུན་གང་ཅིར་འདི་ནས་ཀྱང་ཞུ་ཆ་མང་དུ་མཆིས་པས། དེ་བཞིན་ཐུགས་འཁུར་ཆེ་བཞེས་ཞུ་ཞུས་