[A:༧༥༣]པས་ཐུགས་གསོ་ལྟ་བུར་གྱུར་ནས་གནས་སྐབས་ཀྱི་གསུང་འཕྲོས་དུམ་ཙམ་བྱུང་།
དེ་དུས་དྲུག་པ་ཚེས་བཞིའི་དགེ་ཚ་ཉི་མ་ཕྱེད་ཡོལ་ལ་གྲོལ་སྐབས་ཡིན་པས་མང་ཇའང་དེ་ཙམ་ལ་ཡོང་ཚོད་ཡིན། དེ་ནུབ་ནས་བཟུང་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་གི་སྤུར་དྲུང་ཐུགས་དམ་གསོལ་འདེབས་སོགས་དང་དུས་མཐའི་ཞལ་བཀོད་ཚང་མ་གནང། ངེད་རང་ནས་ཀྱང་རྒྱུན་འདོན་ཕལ་ཆེར་སྐབས་ཀྱང་རྩིས་གང་ཟིན་དང་ཁྱད་པར་ཚེས་ལྔ་ནས་ཀྱཻ་རྡོར་སྒྲུབ་མཆོད་ཚུགས། གཞུང་ནས་ཚེས་དྲུག་བདུན་རྣམས་ལ་མང་ཇ་གཉིས་རེ་དེ་ནས་ཞག་བཞིའི་བར་མང་ཇ་རེ། ཡང་ཚེས་ནས་བདུན་ཞག་གསུམ་རིང་ཆོས་གྲྭ་ལྷོ་བྱང་དགེ་འདུན་དྲུག་ཅུ་རེ་བདུན་ཙམ་གྱི་ཀུན་རིག་སྒྲུབ་མཆོད་ཉིན་གསུམ་ལ་ཆོ་ག་ཚར་གཉིས་རེ་འཇམ་ཇ། ཐུད། མར་རྒྱར། བུར་མར། ཙམ་ནས་སོགས་ཀྱི་གཏོང་སྒོ་དང་ཡོན་དངུལ་འགྱེད་བཅས། ཡང་ཚེས་ལྔ་ནས་བན་ཚང་པས་ཀྱཻ་རྡོར་སྒྲུབ་མཆོད་དང་ཆོས་གྲྭ་ལྷོ་ནས་ཉིན་རེ་བཞིན་གྲྭ་མང་ཉུང་སྣ་ཚོགས་བཟང་སྤྱོད་འབུམ་བསོག་གི་དབུ་ཚུགས། ཞག་གསུམ་བར་ཐུགས་དམ་ཁུལ་དང་དེ་ནས་གྲོལ་རྟགས་ཇེ་གསལ་དུ་སོང་བས་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་མུས་ཆེན་བླ་མ་ངག་དབང་རྣམས་ནས་གསུང་ཆོག་བཅས་ཚེས་བདུན་ལ་སྤུར་ཆས་ཞལ་བཀོད་