[A:༧༥༤]གད་གཙང་སྤུར་ཞུའི་གནས་ཁ་ཤས་སྔར་ནས་རྟག་སྒྲིལ་བྱས་པར་ཕུན་ཚོགས་གླིང་ཚོམས་ཆེན་ཐོན་པ་བཞིན་དེར་སྤུར་ཞུའི་བཅའ་སྒྲིགས་ངེད་རང་ནས་བྲག་རྩ་རྗེའི་དགོངས་རྫོགས་འཆར་ཅན་བགྱིས། ཚེས་བརྒྱད་སྔ་དྲོ་མཆོད་ཕྲེང་རྒྱས་པས་སྤུར་ཁྱེར་བས་ཕུན་གླིང་སྒོ་འཕྱོར་དུ་ཉེ་བསྐོར་སྐྱ་སེར་ཚང་མའི་འདོད་པ་བཞིན་བྱིན་རླབས་ཞུར་བཅུག་སྟེ་ཚོམས་ཆེན་དུ་གོང་གི་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་དཔོན་སློབ་རྣམས་ཀྱི་ཀྱཻ་རྡོར་སྦྱིན་བསྲེག་སྒོ་ནས་ཞུ་སྦྱང་མཛད་པས་ཆུ་ནད་ཅན་གྱི་སྤུར་དེ་རླན་མེད་བསྲེགས་པ་ལྟར་སྐད་ཅིག་ལ་མེ་མཆོད་བཞེས་པས་རྗེ་དཔལ་ལྡན་ཆོས་སྐྱོང་ཐུགས་དགྱེས་ཏེ་གསུང་ཆོག་ཚར་ཞིག་ལ་བུམ་སྒོར་ཐུགས་རྟོག་གནང་བས་དབུ་ཡོངས་རྫོགས་བུམ་སྒོ་ཕྱོགས་སུ་བྱོན་པའི་ཐོད་ལོགས་ལ་ཁ་སར་པཱ་ཎི་འདྲ་བའི་བཞེངས་སྐུ་གསལ་པོ་འདུག་གསུངས།
སྦྱིན་བསྲེག་གྲོལ་ནས་ཐོག་ཁར་ཕེབས་ཏེ་ད་ནང་གི་ལྟས་དང་བསྟུན་གནམ་ལའང་ངོ་མཚར་འདྲ་ཡོད་འགྲོ་གསུང་གཟིགས་པས་སྤྲིན་ཐོ་རེ་བ་ལ་ཉི་མ་གསལ་ཞིང་འཇའ་དཀར་ཕྲན་བུ་བྱུང་བས་འོ་ཡ་གི་ཀ་ཡིན་འདུག་གསུང་ནས་ཕྱག་ཐལ་མོ་མཛད་ངེད་རང་ནས་དེའི་ཐུགས་དམ་གྲོལ་རྟགས་ཤར་བ་ནས་བཟུང་། ཞེ་དགུར་ཀྱཻ་རྡོར་སྒྲུབ་མཆོད་ཆག་མེད་ཀྱི་ཉིན་རེ་བཞིན་དེའི་ལྷོ་སྒོའི་ཆོ་ག་དབང་བསྐུར་བཅས་ཞག་བདུན་པའི་ཐོག་མཚན་བྱང་བསྲེག་པ་