R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༥༥
[A:༧༥༥]དཀྱིལ་འཁོར་གཤེགས་གསོལ་སོགས་བདུན་ཚིགས་རྣམ་དག་གི་ལག་ལེན་བགྱིས། ཚེས་དགུ་ནས་ཞག་ལྔའི་རིང་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་དཔོན་སློབ་ལྔའི་ཀུན་རིག་སྒྲུབ་མཆོད། མུས་ཆེན་ཞལ་དཀར་མཆེད་བཅས་ཀྱི་མི་འཁྲུགས་སྒྲུབ་མཆོད་ཞག་ལྔ་རྣམས་ལའང་མཆོད་གཏོར་གསོལ་ཇ་ཡོན་སོགས་སྨར་བར་ཕུལ། སྔར་ཞལ་ཆེམས་སུ་བྱུང་བ་ལྟར་ཚེས་བཅུ་ནས་ཞག་གསུམ་རིང་ངེད་རང་ནས་དེའི་བསྙེན་པའི་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་ཕྱག་ལེན་བཞིན་བགྱིས་པར་གཤེགས་པོའི་སྔགས་ལྷག་ཆད་ཀྱི་ཉེས་པས་ཚོན་སྡིག་སྒྲིབ་ས་ལམ་བར་ཆད་ཞི་བའི་སྤེལ་ཚིག་སྦྱར་སྤུར་ཁང་དང་གདུང་རུས་བསྔུ་བ་གཞན་ཡང་དེའི་ཉེར་སྤྱད་བྱིན་རྟེན་ཞལ་བཀོད་ཚང་མ་འཇམ་མགོན་དེ་ཉིད་ཀྱིས་མཛད་པའི་སྤུར་རུས་སྒམ་ཚུར་འབྱོན་དུས། མཆོད་ཕྲེང་ཉུང་ངུའི་སིལ་སྙན་རྒྱ་གླིང་ངེད་ཀྱིས་གོ་བྱུང་བས་སེམས་སྐྱོ་ལྷང་དང་འདུས་བྱས་མི་རྟག་སྣང་ཚུལ་གསོལ་འདེབས་ཡང་དག་བྱུང་བ་ནི་འདས་པོས་ངེད་ལ་དགེ་སྐུལ་ཡིན་འདྲ། གདུང་རུས་དབང་ཁང་དུ་མཆོད་པ་བཅས་ཞག་ཤས་ཞུགས་ཐར་བརྟུལ་བའང་གད་གང་གཙང་བྱས། བཅུ་བཞིའི་ཉིན་ནས་ཞག་ལྔའི་རིང་ངོར་དུ་དགེ་འདུན་ལྔ་བརྒྱ་སྐོར་ལ་བསྙེན་རྒྱས་ཞུས་པར་མཆོད་པ་འཇམ་མང་ཇ་སོགས་དང་ཡོན་སྣམ་བུ་སོགས་དངོས་པོ་སྣ་ཚོགས་ལ་གོང་རྒྱག་གི་དངུལ་