[A:༧༦༣]ལྷ་བརྒྱད་ཀྱི་དབང་ཞིག་བསྐུར་གྲོགས་མཛོད་ཟེར་བ་ཤར། དེ་ལྟར་ཆུ་སྟོད་ཟླ་ནང་ནས་བཟང་སྤྱོད་འབུམ་བསོག་ཚུགས་པ་གྲོ་བཞིན་ཉི་ཤུར་ཚར་བས་ཇི་སོང་བསྡོམས་ཆིག་འབུམ་ཆིག་སྟོང་གྱ་ལྔ་ཙམ་སོང་ཚོད་དང་། གྲོ་བཞིན་ཉེར་ལྔར་ཞེ་དགུ་ཐིམ་དུས་ཁོ་བོས་མགོན་པོའི་དབང་ཆེན་གྲས་ལྷ་བརྒྱད་དཀྱིལ་ཆོག་ཁོལ་སྒྲུབ་ཀྱི་དབང་བསྐུར།
ཡང་དེ་སྐབས་གཞུང་ཞབས་རིན་པོ་ཆེ། སྡེ་དགེ་ས་དབང་། འབྲུག་སྡེ་སྲིད་རིིན་པོ་ཆེ་སོགས་ཀྱིས་གཙོ་མཛད་གཞིས་བྱེས་ཆེ་ཕྲ་དུ་མས་ཞལ་འདེབས་དངོས་པོ་བསྡོམས་གསེར་སྲང་ཉེར་གཅིག དངུལ་སྲང་ཆིག་བརྒྱ་བདུན་ཅུ་དོན་བདུན། ཇ་འཁོར་དྲུག་ཅུ་རེ་བརྒྱད་སོགས་བྱུང་འདུག
གཞན་ཡང་ཟླ་མཆོད་སོ་སོ་ལ་ཀུན་རིག་སྒྲུབ་མཆོད་མང་ཇ་སོགས། ཁྲུམ་སྟོད་ཚེས་འགོར་གདུང་ཚ་མཆོད་དགུ་མ་ཆིག་འབུམ་ཆིག་ཁྲི་བདུན་སྟོང་བརྒྱད་བརྒྱ་ཁ་ཡར་ལ་གཟུངས་བཞུགས་དབུ་དཀར་གཤམས་ཚལ་བཅས་གད་གཙང་དུ་གྲུབ་པས་ངེད་རང་ནས་ལྟ་ཁང་རྩེའི་སྨོན་གནས་ཡིད་འོང་ཚལ་དུ་ཞག་ཤས་སྡོད་ཡུལ་བྱས་ཏེ་རབ་གནས་གྲང་སོགས་དང་། གཤེགས་པོའི་ཐུགས་འདོད་བཞིན་དྲི་མེད་རྣམ་གཉིས། མི་འཁྲུགས་ལྷ་དགུའི་སྒྲུབ་མཆོད་རྣམས་རྡུལ་ཚོན་དཀྱིལ་འཁོར་ཐོག་ནས་ཞག་གྲངས་ཅི་རིགས་སྒྲུབ་