[A:༧༦༤]མཆོད་དང་། ཕྱི་དྲོ་མགོན་ཁང་དུ་སླད་ཀྱི་ཕྲིན་འཆོལ་སོགས་ལ་བརྩོན་པར་བྱས། བླ་མ་གོང་མ་གཞན་ལ་དགོངས་རྫོགས་ནར་མ་རྒྱ་ཆེ་ཆུང་སྣ་ཚོགས་འདུག་ཀྱང་ངེད་རང་གི་བསམ་པར་གཤེགས་པོའི་ཞེ་དགུ་ཟླ་མཆོད་སོགས་ལ་དགེ་བ་གང་འགྲུབ་བགྱིས། ལོ་མཆོད་ཀུན་རིག་སྒྲུབ་མཆོད་བཙུགས། གཞན་དགེ་རྒྱུན་རང་མ་བྱུང་ཡང་ཆོག་ཅིང་། གདན་ས་མཛེས་བརྒྱན་དངུལ་གདུང་ཁྱད་འཕགས་ཞིག་བྱུང་ན། དེ་རང་གི་ཚོགས་བསོག་སྒྲིབ་སྦྱོང་ལའང་དེ་བས་ལྷག་པ་མི་འདུག་ཅིང་། ཁྱད་པར་གདན་ས་ཆེན་པོ་འདི་ལ་བྱ་བ་བྱས་པར་འགྲོ་སྙམ་པ་བཞིན་མཛོད་པ་སོགས་ལ་ཕྲོས་ཐོག་ནས་ཐོག་མར་དུས་མཆོད་གཙུག་ལག་ཁང་བཀོད་ལེགས་སུ་བསྒྱུར་ཏེ། དེར་བཞུགས་ཡུལ་བྱེད་བསམ་པར་གཞན་ནས་སྐུ་དོག་ཆེ་སྐབས་ཞག་གསོ་མི་རུང་བའི་རྒྱུ་མཚན་ཟེར་དོན་བཞིན་བཞག་སྟེ། ལྷ་མཐིལ་སྤྲུལ་པའི་གཙུག་ལག་ཁང་ན་སྐུ་དང་གསུང་རྟེན་ངོ་མཚར་བཞུགས་ཀྱང་། ཐུགས་རྟེན་ཁྱད་ཐོན་མ་བཞུགས་པས་དེ་ལྟའི་ཞབས་ཏོག་ཏུ་དམིགས་མཆོད་སྡོང་འཛམ་གླིང་འོད་གསལ་འདི་བཞེང་རྒྱུའི་ཐིག་རྩ་ཐར་རྩེ་པཎ་ཆེན་གསུང་ལ་ངོར་ཆེན་སངས་རྒྱས་ཕུན་ཚོགས་ཀྱི་མཆན་མཛད་པ་བཞིན་བྱང་ཆུབ་མཆོད་རྟེན་གྱི་ཤིང་བཀོད་སོགས་ཚུགས། ས་སྟག་དཔྱིད་བླ་མ་ཡི་དམ་སོགས་ཀྱི་སྐུ་པར་རྣམས་འགོ་པ་གོང་བཞིན་དང་། ཆོས་གྲྭ་བྱང་ནས་འཁུར་