R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༦༥
[A:༧༦༥]བཞེས་པར་ཉི་ཁྲི་བདུན་སྟོང་བདུན་བརྒྱ་སོ་གཉིས། གཞན་ཡང་གནས་གསར་རྡོ་རྗེ་འཆང་ནས་བཅུ་གཅིག་ཞལ་བརྒྱད། སྒྲོལ་ལྗང་བཅུ་གཉིས། མཆོད་དགུ་མ་དགུ། འཇམ་མགོན་དཔལ་ལྡན་ཆོས་སྐྱོང་ནས་མཆོད་དགུ་མ་བརྒྱ་ཁ་ཡར། མཁན་ཆེན་བརྩོན་འགྲུས་ཡེ་ཤེས་ནས་མཆོད་དགུ་མ་ཞེ་གསུམ། ངེད་རང་ནས་ལེབ་པར་དགུ་བརྒྱ་ཞེ་དྲུག མཆོད་བརྒྱ་མ་དང་མཆོད་དགུ་བསྡོམས་ཉིས་བརྒྱ་སོ་ལྔ། ལྷ་བཟོ་བ་རྣམས་ཀྱི་མཆོད་དགུ་མ་བརྒྱ་སོ་ལྔ་སོགས་གྲངས་མང་དང་། ས་སྟག་རྟ་ཟླ་ནས་མཆོད་སྡོང་གི་ཟངས་དངུལ་གསེར་བཟོ་ཕྲ་བརྒྱན་སོགས་བཟོ་གྲ་སྒྲིག་པར། གདན་ས་གཞུང་ནས་ཟངས་ཁལ་བརྒྱ་དང་དྲུག་ཅུ་རེ་གསུམ་ཉག་བཅུ་གཉིས། དངུལ་སྲང་ཉིས་སྟོང་བདུན་བརྒྱ་ཞོ་ལྔ། གསེར་སྲང་སུམ་སྟོང་བདུན་བརྒྱ་བདུན་བཅུ་ཞོ་བདུན་སྐར་ལྔ། མུ་ཏིག་ཆེ་བ་ཁམ་ཚིག་ནས་ཆུང་བ་སྲན་སྐམ་ཙམ་ཆེ་ཆུང་སྣ་ཚོགས་ཆིག་སྟོང་ཆིག་བརྒྱ་ཉེར་བརྒྱད། མུ་ཆེན་ཆིག་སྟོང་བདུན་བརྒྱ་ལྔ་བཅུ་ང་གཅིག མུ་འདྲ་ཆིག་བརྒྱ་སོ་དྲུག བྱི་རུ་ཆེ་བ་ཁམ་རློན་ཙམ་ནས་ཆུང་བ་སྲན་སྦོས་ཙམ་གྱི་བར་ཆེ་ཆུང་སྣ་ཚོགས་ཉིས་སྟོང་ལྔ་བརྒྱ་གོ་ལྔ། གསེར་པད་བཅུ་གཉིས། རག་པད་དྲུག ཤེལ་ལེབ་རིལ་ནར་མོ་སོགས་བརྒྱད་བརྒྱ་ཞེ་གསུམ། གཙུག་གཡུ་གསེར་མཐའ་མ་བཅུ་གཅིག དངུལ་མཐའ་མ་བཅོ་ལྔ། ནགས་གོ་གསུམ། སྤོས་ཤེལ་ཆེ་བ་