R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༦༦
[A:༧༦༦]སྐོར་མཐོ་གང་དང་སོར་དྲུག་ཙམ་ཡོད་པ་ནས་ཆུང་བ་ཁམ་ཚིག་བར་ཆེ་ཆུང་སྣ་ཚོགས་ཆིག་སྟོང་སུམ་བརྒྱ་ང་ལྔ། ནོར་བུ་ཁྱུང་སྐྱུགས་ཆིག་བརྒྱ་བདུན། ཐར་རྩེ་རྡོ་རྗེ་འཆང་གི་ཕྱག་ཕྲེང་པདྨ་ར་ག་རྡོག་ཆིག་བརྒྱ་བདུན། བྱི་རུའི་ཀོང་སྣ་སོ་གཉིས། དཔྲལ་གཡུ་སོ་གསུམ། མཆོང་དམར་བརྒྱད་བརྒྱ་དྲུག་བཅུ། དངུལ་སྤྱི་བཅུ། བྱི་རུའི་གསོལ་སྐེ་བཅོ་ལྔ། མུ་ཏིག་གི་གཉིས། ཨ་སྐོར་བཅུ་དྲུག ཉ་ལྕིབ་བཅུ་དགུ། གཟི་ཉེར་གསུམ། གཡང་ཏྲི་བཅུ་གསུམ། དངུལ་ག་ལྔ། འཇམ་མགོན་ཀུན་དགའ་བསོད་ནམས་ཀྱི་ཕྱག་ཕྲེང་མ་ན་ཧོ་བཅུ་གསུམ། གཞན་གསུམ། གཞན་ཡང་གཡུ་བྱིར་སོགས་ཀྱི་ཕྲ་ལྡན་ཁ་ཤས། གཡུ་སྣ་ཚོགས་ཁ་ཤས་དང་། ཞལ་འདེབས་གཞུང་ཞབས་རིན་པོ་ཆེ། སྡེ་དགེ་སོགས་སྦྱིན་བདག་དུ་མ་དང་། ངེད་རང་ཞལ་ངོ་སོ་སོའི་སྤྱིལ་རྫས། ཆོས་གྲྭ་ལྷོ་བྱང་སོགས་དགོན་སྡེ་ཁ་ཤས་ནས་སྤྱི་སྒེར་ཕྱག་གཉེར་སོགས་དྲུང་གྲས། འབུལ་ཚོང་བླ་གཉེར་ཚོང་དཔོན་གཞིས་གཉེར་མི་སེར་སོགས་ནས་བྱུང་བའི་ཕྲ་བརྒྱན་མང་པོ་དང་། གསེར་སྡོམ་སྲང་བཅོ་བརྒྱད། དངུལ་སྲང་སུམ་བརྒྱ་དང་དྲུག ཟངས་ཁལ་བཅུ་གསུམ་སོགས་བྱུང་འདུག་ཅིང་། ལོ་དེའི་ཆུ་སྟོད་ཟླ་བ་ནས་བཟུང་ལོ་མཆོད་དགེ་རྒྱུན་ཀུན་རིག་སྒྲུབ་མཆོད་ཞག་གསུམ་མ་མཆོད་པ་བསྙེན་བཀུར་ཟབ་མ་མཆོད་ཕྲེང་ཐོགས་པའི་བར་སྐོར་