[A:༧༦༧]མཛད་རྒྱུ་འདི་བཙུགས།
བཟོ་རིགས་གང་ཡོད་ལ་ཆར་འཕར་གཏོང་སྒོ་གཞུང་སྒེར་ནས་འགྲིག་ཚོད་ཡོང་བ་ཡོད། འགོ་བཟོ་ཚང་མས་ལས་ལ་ཞུན་པོ་བྱས་པས་དབྱུག་ཟླའི་ནང་དུ་ཤིང་བཟོ་ཚང་མ་གྲུབ་པ་བཞིན། ལྷ་མཐིལ་དུ་མཆོད་རྟེན་བཞུགས་ཡུལ་སྔར་ནས་ས་སྟེགས་མཐོན་པོ་བྱས་གྲུབ་ཡོད་པས་དེར་སྒྲིག་རྒྱུར་ངེང་རང་ནས་ཟླ་བ་དེའི་ཡར་ཚེས་གཟའ་སྐར་དགེ་བར་བུམ་གཏེར་རིགས་ལྔ། རྒྱུད་སམྦུ་ཊི་དང་དཔའ་བོ་གྲུབ་པ་ནས་གསུང་པའི་ས་གཡོས་ཐོག་སྲུང་། གནོད་སྦྱིན་འཁོར་ལོ་སོགས་བཅས་སྒྲུབ་ནན་ཏན་བགྱིས་པ་རྣམས་ས་སྟེགས་ཀྱི་དབུས་དང་ཕྱོགས་འཚམས་རྣམས་སུ་གཞུང་བཞིན་བཞུགས་པ་དང། ཁྱད་པར་གནོད་སྦྱིན་མང་མཛོད་རང་ཅག་ལ་དཔགས་པའི་དངོས་པོ་བཟང་དགུ་ཕངས་མེད་སྤུང་པ་འདི་ཡང་རང་གི་ཚེ་འདིའི་འབྱོར་པ་དང་། སྐྱེ་བ་ཕྱི་མར་ལོངས་སྤྱོད་འདོད་པ་མ་ཡིན་པར། རྒྱལ་ཁམས་སྤྱི་བྱེ་བྲག་གི་འབྱོར་པ་སྤེལ་ཞིང་། ཁྱད་པར་གདན་ས་ཆེན་པོ་འདི་ཉིད་སྲིད་པ་ཇི་སྲིད་བཞུགས་པ་དེ་སྲིད་དུ་མངའ་ཐང་ནམ་མཁའ་མཛོད་ལ་དབང་འབྱོར་ཡོང་རེའི་ལྷག་བསམ་ཁོ་ན་ཡིན་པས། འདི་ཡང་ཞིང་གཤེགས་དེའི་སྔོན་གྱི་སྨོན་ལམ་ཡིན་ནམ་སྙམ། དེ་སྟེང་པད་གཟུངས་གཡས་སུ་གུར་ལྕམ་དྲལ་ཞལ་རྣམས་ཀྱི་སྔགས་རིང་ཐུང་།