[A:༧༧༡]བརྒྱ་བཅུ་གསུམ་རེ་དང་ཚང་མ་གསེར་བྲིས་གཅིག དམར་པོ་སྐོར་གསུམ། ནོར་རྒྱུན་ཏོག་གཟུངས་ནས་འབྱུང་བའི་འབྲུ་ནོར་འཕེལ་བའི་གཟུང་སྟེ་རྒྱུད་སྡེ་བཞིའི་གཟུངས་རགས་བསྡུས་དང་། ཁྱད་པར་གཙུག་ནོར་རྣམ་རྒྱལ། གཙུག་རྡོར་དྲི་མེད། གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ། རྟེན་འབྲེལ་སྙིང་པོ་སྟེ་གཟུངས་ཆེན་སྡེ་ལྔར་གྲགས་པ་དང་། རབ་གནས་རྒྱུད་གཟུངས་ཚུལ་ཁྲིམས་རྣམ་དག སྲོག་ཤིང་བརྟན་སྔགས། རྡོར་དབྱིངས། ཆོས་དབྱིངས། སྔགས་དབྱིངས། ཚེ་གཟུངས། བྱམས་པའི་དམ་བཅས། སངས་རྒྱས་སྟོང་གི་སྙིང་པོ། མཛོད་བུ་ནོར་བུ། དེ་བཞིན་གཤེགས་པའི་ཡིག་བརྒྱ། མཚམས་མེད་སྒྲིབ་སྦྱོངས། དོན་ཡོད་གྲུབ་པའི་གཟུངས། ཤེས་སྙིང་དང་སྔགས། ནམ་མཁའ་མཛོད་གཟུངས་རྣམས་སོ་སོ་ནས་ལྔ་སྟོང་ཆིག་བརྒྱ་ང་གཅིག་དང་གསེར་བྲིས་རེ། རིག་ཕུག་འདོད་གསོལ་དུ་མ། གསང་འདུས། འཇིགས་བྱེད། གཤེད་དམར། རྟ་མགྲིན་སྐྱེར་སྒང་། དྲག་མཐིང་། དྲག་དམར། ཕུར་པ། ཡང་དག རིག་བྱེད་མ། མཁའ་སྤྱོད་མ། བདེ་མཆོག དུས་འཁོར། ཀྱཻ་རྡོར་གྱི་སྐུ་རྣམས་སྡོམས་དགུ་སྟོང་ཉིས་བརྒྱ་ཞེ་བདུན།
དེ་ནས་བུམ་ཐོག་བྲེ་ནང་དུ་སྲོག་ཤིང་ལ་ཞལ་ཕྱོགས་ཤིང་འཁོར་མོར་བཞུགས་པ་ཡབ་རྗེ་རྡོ་རྗེ་འཆང་དང་བྲག་རྩ་རྡོ་རྗེ་