R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༦
[A:༧༦]ཞིང། ཡར་རྒྱབ་དང་སྐྱིད་ཤག་ཕྲེང་གསུམ་སོགས་སྦྱིན་བདག་རྣམས་དང་གོང་དཀར་ཆོས་སྡེས་སྤྱན་དྲངས་ཏེ་མཆོད་ཅིང་ཆོས་འབྲེལ་སྩལ། གནས་དེར་རྗེས་སོར་ཕེབས་སྐབས་ཞིག་དགེ་སློང་བསྙེན་པ་མང་པོ་སོང་བ་ཞིག་གི་རྨི་ལམ་དུ། སང་འཕགས་པ་སྤྱན་རས་གཟིགས་འདིར་ཕེབས་རྒྱུ་ཡིན་ཟེར་བའི་ཕྱི་ཉིན་རྗེ་འདི་ཕེབས་པར་གྲགས་ཤིང། གར་ཕེབས་ཕལ་ཆེར་དུ་མེ་ཏོག་གི་ཆར་བབས་པ་ནི་ཀུན་ལ་གསལ། དེ་ནས་རིམ་གྱི་རྒྱལ་མཁར་རྩེར་དཔལ་འཁོར་རྩེར་དཔལ་འཁོར་ཆོས་སྡེའི་སེར་ཕྲེང་དང་བཅས་སྤྱན་དྲངས་ནས་བསྙེན་བཀུར་གྱ་ནོམ་དང། མང་འགྱེད་ཆོས་དང་ཟང་ཟིང་གི་བཀའ་དྲིན་རྒྱ་ཆེན་བསྩལ། མེ་ཏོག་ཆར་ཤིན་ཏུ་འབབས་བཟང་བར་བྱུང་བས་སྐུ་འཁོར་རྣམས་ཀྱིས་གོས་སྟེང་དུའང་སྐྱ་ཆིལ་བ་བྱུང། དེ་ནས་རྩེ་ཆེན། འབྲོང་རྩེ། རམ་པ། དགའ་བདེ། བྱམས་ཆེན་སོགས་སུ་རིམ་གྱིས་ཕེབས་ཤིང། ལྷ་སྡེ། མི་སྡེ་ཚང་མའི་རེ་བ་བསྐང་ཞིང་བྱམས་ཆེན་ལ་མཆོད་འབུལ་སྙན་ཤལ་སྨོན་ལམ་མཛད། རིན་སྤུངས་མི་དབང་སྐུ་མཆེད་ཀྱི་བསྙེན་བཀུར་ཞིང་བཀའ་ཆོས་བསྩལ། མགོན་སྐུ་ངོ་མཚར་ཅན་སོགས་ཕུལ། གཞན་ཡང་བྱ་བཟང་དུ་འང་ལན་དུ་མར་ཕེབས་ཤིང། མཆོད་ཡོན་འབྲེལ་ཤིན་ཏུ་ཟབ་པ་དང། ཕོ་བྲང་བསམ་གྲུབ་རྩེར་མི་དབང་