[A:༧༧༩]རྡོ་ཤལ། མཆོད་རྟེན་གདུགས་འཁོར་འོག་ནས་འཕྱང་བའི་དྲིལ་བུ། བཟང་གོས་སྤུས་ལེགས་ཁ་དོག་སྣ་ཚོགས་ཡུག་བཅོ་བརྒྱད་ཀྱི་ན་གཟའ། བཀྲལ་བཏགས་ཀྱི་བླ་རེ། མཆོད་ཁྲི་གསེར་ཤོག་མའི་སྟེང་ཐེག་ཆེན་གན་དྲིལ། གཤེགས་པོའི་རྒྱུན་བསྐུལ་གན་དཀར། དངུལ་སྟེགས། བཟེད་ཞལ། ཕུད་ཕོར། སི་ཡང་ཧོའི་ལྕོག་རྩེ། ཤེལ་སྔོན་གྱི་ལྷུང་བཟེད་སོགས་ཤེལ་དཔྱད་སྣ་ཚོགས་བཅོ་ལྔ། ཡུ་རིང་རྟགས་བཅས་ཉི་ཤུ། རྡོ་དྲིལ་བཅུ་གཉིས། དངུལ་གྱི་བྱ་མ་བུམ་དང་ལྡོང་མོ་ཆ། ཟངས་བུམ་ཆ་མགུལ་འཆིང་ཁ་བརྒྱན་བཅས། དངུལ་སྲང་ལྔ་བཅུ་མའི་ཏིང་འགག་གཟུགས་མ་བཅུ་གཅིག་རྣམས་དང་། དེ་ནས་མདོ་ཟུར་སྦུག་དང་ཕ་སྒར་སོགས་སུ་མཆོད་རྫས་དཀར་དཔྱད་དོན་གཉེར་བགྱིས་པར་སྦྱིན་བདག་དད་ཅན་རྣམས་ཀྱི་ཕུལ་གྲས་ལ་དཀར་ཡོལ་གྱི་ལྷུང་བཟེད་གཅིག་མེ་དམ་ཁ་དོག་མི་འདྲ་བ་ཆེ་ཆུང་སྣ་ཚོགས་སྤུས་ལེགས་ཉེར་བརྒྱད། དཀར་ཡོལ་ཡུ་ཐུང་ཆེ་ཆུང་སྣ་ཚོགས་ང་གསུམ། གུ་ཤའི་པར་བུ་སོགས་བཅུ་གཉིས། དཀར་སེང་ཁྱི་སོགས་བཅོ་ལྔ། ནེ་ཙོའི་གཟུགས་བཅུ། རྒྱ་མི། སྤྲེའུ། སྦལ་གཟུགས་སོགས་བཅུ་གཉིས། རྒྱུ་སྣ་ཚོགས་ལས་གྲུབ་པའི་མེ་ཏོག་ཕོན་བཅས་ལྕགས་འབྲུག་ལོ་ནང་འབྱོར་བ་བཞིན་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། ཆོས་རྗེ་ཁུ་དབོན་འཇམ་མགོན་ཨ་མེས་