R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༨༣
[A:༧༨༣]ཡབ་རྗེ་རྡོ་རྗེ་འཆང་ནས་ཁོ་བོའི་མིང་ལ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་བློ་གྲོས་ཞེས་བསྩལ་བས་མི་རྣམས་ཀྱིས་སྒྲོ་བཏགས་ནས་གྲགས་བློ་བའི་སྐུ་སྐྱེ་ཡིན་ཟེར་ཡང་མི་བདེན་ནམ། བདེན་ངེས་ན་གྲགས་བློ་བའི་བག་ཆགས་ཡོང་རྒྱུར་འདུག་ཀྱང་དེའི་དྲི་ཙམ་ཡང་མ་བྲོ། སྒྲོ་མོ་ལུང་པ་མང་ཐོས་བསོད་ནམས་ཆོས་འཕེལ་གྱི་སྐུ་སྐྱེར་ངོས་འཛིན་བྱེད་ཅིང་རང་ཡང་དེ་ཡིན་ཁུལ་གྱི་གནས་གསར་རྗེའི་རྣམ་ཐར་ནའང་ཧམ་ལབ་ཚད་མེད་བྲིས་ཡོད་ཀྱང་ཁོ་བོ་ས་སྤྲེ་སྣྲོན་ཟླའི་ཚེས་འགོར་མངལ་བཟུང་། དཔོན་སློབ་དེ་ས་སྤྲེ་རྒྱལ་ཟླའི་ནང་དུ་གཤེགས་པས་སྐུ་སྐྱེ་ཡིན་མིན་དེས་ཀ་ཤེས་བསམ། མེ་ལུག་ནས་ས་སྤྲེའི་བར་དབུས་གཙང་ཟིང་བུན་ཐོག་མི་དང་དུད་འགྲོ་ཚད་མེད་ཤི་བའི་བར་དོ་ཡང་གྲངས་མེད་དུ་མ་ཟད། འབུ་གཅིག་བུར་སྐྱེ་འགྱུར་གྱི་བར་དོའི་སེམས་ཅན་ལའང་ཐུག་པ་མེད་པས་དེ་འདྲ་ཞིག་ནས་དགེ་བའི་བག་ཆགས་སད་པ་དང་དམ་པ་དེ་ཉིད་ཀྱི་གདུལ་བྱ་སྲས་ཀྱི་གྲས་སུ་རྗེས་སུ་བཟུང་བ་དུས་ལ་བབས་པ་ན་གོ་ས་མཐོོན་པོ་འདི་འདྲ་རུ་སྐྱེ་བ་མངོན་སུམ་ཚད་མས་གྲུབ་སྟེ། དཔེར་ན་སྲང་དབར་དུ་འཁྱམས་པའི་བྱ་སྤུའམ་རྩ་དང་སྦུན་པ་སྐྱེ་བོ་དུ་མའི་རྡོག་འོག་ཏུ་འགྲིམ་ཞིང་མི་གཙང་བས་གོས་པ་རྣམས་ཀྱང་སྐབས་འགར་རླུང་ཆེན་གྱི་མཐོན་པོར་བཏེག་སྒོ་གློ་དཀར་མཐོང་ཁུང་སོགས་ནས་དཀོན་མཆོག་གི་རྟེན་