R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༨༧
[A:༧༨༧]ཡང་གོང་དཀར་དམ་པ་དེ་ཉིད་ལ་སོ་འབྲང་རྗེས་གནང་གསན་ནས། དེའི་སྒོམ་བཟླས་ཞག་བདུན་བཅད་རྒྱའི་ཐོག་ནས་མཛད་པའི་མནལ་ལམ་དུ་བུད་མེད་པདྨ་ཆོས་དཔལ་གྱི་འབྲས་སྙེ་གསུམ་དང་ཨ་རུ་ར་རྣམ་རྒྱལ་ཡིན་ཟེར་བའི་ཨ་རུ་མཛོག་ཙམ་ཞིག་ཕུལ་ནས་འབྲས་སྙེའི་འཕྲོས་མང་མཁར་མུ་ཁུ་ལུང་ནས་ཡོང་ཟེར་དེ་དང་དུས་མཚུངས་གཟིམ་དཔོན་བསོད་ནམས་མང་མཁར་ཆུ་ཞོར་མུ་གུ་ལུང་མཇལ་བར་ཕྱིན་པའི་དེ་ནས་གྲོ་སྙེ་རྩ་བ་གཅིག་ལ་སྙེ་ཕོན་གསུམ་རེ་ཡོད་པ་སྦར་ཆག་གང་ཙམ་ཕུལ་འདུག་པ་འདི་གསུང་ངག་ཟབ་མོ་སློོབ་བཤད་ཡོངས་རྗོགས་གནས་གསར་རྡོ་རྗེ་འཆང་ལས་ཁོ་བོས་ཐོབ་པ་དང་མྱོང་འགྱུར་གྱི་ལྟས་ཤིག་ཡིན་འདྲ། ཡང་ལན་ཅིག་ལྷ་ཁང་རྩེའི་ག་ཡ་དྷཱ་རའི་བུམ་ཆུའི་དྲུང་ན་བྱོན་མུར་བླ་མ་མཆོད་དཔོན་ཡིན་སྙམ་པ་ཞིག་ནས་བུམ་ཆུ་འདིའི་བདག་པོ་ལྷ་མོ་རིག་བྱེད་མ་ཡིན་གསུང་པར་བུད་མེད་དམར་མོ་ཞིག་གིས་ཆུ་ཞིག་ཞུས་པ་དང་། ཡང་བུམ་མེད་ཞིག་གིས་ཨ་མ་དགྲ་ལྷ་མའི་ཡིན་ཟེར་བའི་རིལ་དཀར་ཐུམ་དང་ཤེལ་གྱི་མཆོད་རྟེན་རྒྱ་ཕིབས་ཅན་གྱི་ནང་ཤེལ་བུམ་དུ་རིགས་ལྔའི་བུམ་ཆུ་ཡིན་ཟེར་བ་ཞིག་ཕུལ་བ་ཤར་བས་མནལ་ལམ་དེ་གཉིས་ཁོ་བོ་རིག་བྱེད་མའི་ཆོས་སྐོར་ལ་བྱང་ཆུབ་པ་དང་། ཛེ་ཊཱ་རིའི་ལུགས་ཀྱི་ཚེ་ཆོག་