R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༨༨
[A:༧༨༨]གྲངས་མང་བྱེད་ཅིང་གདུང་སྐུ་མཆེད་སོགས་ལ་འདིའི་དབང་མང་པོ་འབུལ་ཐུབ་པ་འདིར་རྟག་པ་འདྲ་ཞིང་། ཡང་རྟག་ཚེར་གངས་རྩེར་ཕེབས་འདུག་པས་དེ་ན་གུར་དཀར་ནང་ཁྲི་མཐོན་པོའི་འགྲམ་བུམ་མེད་མང་པོ་འདུག་པར། ཁྲི་འདིར་སུ་བཞུགས་ཀྱི་ཡོད་གསུང་པས་འདིར་བཞུག་མཁན་ཕྱི་ལོ་ཡོང་ཟེར་ཟ་བཏུང་མང་པོ་ཞུས་གངས་ལ་དར་ལྕོག་བཙུགས་པའི་མནལ་ལམ་བྱུང་བ་དེ་ནི་ཁོ་བོ་རང་ལའང་ས་ཡོས་དཔྱིིད་རྨི་ལྟས་སུ་རྟག་ཚེར་གངས་རྩེར་སླེབས་འདུག་པས་སྤང་གཤོངས་ལྷས་ར་འདྲ་མོ་ན་སྐྱེས་བུད་མེད་མང་པོ་གླུ་གཞས་བྱེད་པ་ཞིག་བྱུང་བས་དེ་དང་མཐུན་ཞིང་། གངས་མཆོད་གསར་རྩོམ་འདི་ཡང་དེ་དུས་བྱས་པ་ཡིན། ལོ་དེའི་སྟོན་ཁྲུམ་ཟླའི་ནང་ཡབ་རྗེ་རྡོ་རྗེ་འཆང་ཁའུ་ཆབ་ལ་ཕེབས་པ་དང་ཆབས་ཅིག་སྐྱེད་ལྷས་མགོན་ཁང་ཏུ་མཚམས་ཞག་བདུན་དང་ཐུག་འཛུགས་སོགས་གནང་བའི་མཚན་ལམ་ཏུ་མཆོད་རྟེན་ཞིག་གི་ལོགས་ནས་རཀྴ་གདོང་གཅིག་མང་པོ་དང་། དུང་ཆུང་། རྩེ་གསུམ་རྡོ་རྗེ་རྣམས་ཕྱག་ཏུ་བབས་པ་ཤར་བ་ནི་གོང་གི་མ་ལགས་ཀྱི་མནལ་ལམ་དང་མཐུན་པས་དིང་སང་མགོན་པོ་འདིའི་ཆོས་བསྐོར་ཚང་མ་སྔོན་གྱི་ཕྱག་ལེན་དང་མཐུན་པར་ཐོབ་པ་ཁོ་བོ་ཙམ་ཡིན་འདུག་པས་འདི་ཁོ་ནའི་སྐུ་དྲིན་ཀྱང་ཁྱེར་ཐབས་མ་མཆིས་པས་གནས་གསར་རྡོ་རྗེ་འཆང་དེ་བྱང་ཆུབ་སྙིང་པོའི་བར་དུ་