R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༨༩
[A:༧༨༩]བདག་གི་ལུས་སྲོག་ལོངས་སྤྱོད་ཀུན་གྱི་མཆོད་ནས་དགེས་པ་ཆེན་པོས་རྗེས་སུ་འཛིན་ཅིང་མགོན་དེའི་རྣམ་ཐར་བཟང་པོ་སྐྱོང་ཐུབ་པའི་འཕྲིན་ལས་སྟོབས་འཕྲོག་དབང་པོས་མཛད་དུ་གསོལ་ཞེས་ཤུགས་བྱུང་ངོ་། ། ཡང་གོ་ཟླའི་ནང་གོང་དཀར་དམ་པ་དེ་ཉིད་ཀྱིས་བུ་རྫི་མའི་མདོས་འཛུགས་གནང་བའི་མཚན་ལྟས་སུ། དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་དང་། སྐལ་བཟང་སངས་རྒྱས་སྟོང་། རིགས་གསུམ་མགོན་པོའི་སྐུ་རྣམས་གསེར་ཐང་ཏུ་བཞེངས་པས་གཏུང་འབྱུང་གསུང་པ་བཞིན་ཕྲལ་བཞེངས་ཐང་སྐུ་རྣམས་ད་ལྟ་མཁའ་སྤྱོད་ལྷ་ཁང་ན་བཞུགས་ཤིང་། དེ་དུས་མདོས་ཀྱི་ཟས་སྣའི་དཀྱིལ་ཏུ་ནས་ལྗང་མཐོ་གང་ཙམ་ཐོན། ཡང་མགོན་དེའི་རྒྱལ་ཟླའི་ནང་བཙུན་མོའི་སྟེང་དུ་རུ་མཚོན་འཛུགས་ཆོག་མཛད་དུས་འབྲས་ཆང་དགོས་གསུང་བར་སྔར་བཙོ་མྱོང་མེད་ཀྱང་ཁྲུང་དཔོན་ཕུར་པས་ཇི་འདྲ་ཡོང་ངམ་ཟེར་ཞིང་བཙོས་པས་གནང་དུས་ནས་ཆང་བས་ལྡབ་འགྱུར་གྱི་ཞིམ་པ་བྱུང་། ཡང་ཟླ་བ་དེ་ནང་མནལ་ལམ་དུ་ཞ་ལུ་བརྒྱན་གོང་མགོན་ཁང་ན་བྱོན་འདུག་པར་བུད་མེད་ཞིག་གི་བྲོ་སྡེར་གང་ནང་དུང་ཆུང་གཅིག བ་སོའི་བརྒྱ་ཕྲེང་དྲིལ་བུ་གཡེར་ཁས་བརྒྱན་པ་རུས་བརྒྱན་དྲུག་ཆ་ཚང་ཞིག་ཕུལ་ནས་ལྟེ་བསྒྱུར་ཡོང་བས་གཉེར་གྱིས་ཟེར་བ་བྱུང་བས་རྟེན་འབྲེལ་