[A:༧༩༠]ཁྱད་ཞ་ལུ་སྐུ་ཞང་ལ་ལྟེ་བསྒྱུར་འཁོར་ལོ་ཞུ་བར་མཛད།
ས་བྱ་དབོ་ཟླའི་ནང་ཡབ་རྗེ་རྡོ་རྗེ་འཆང་གིས་བཞི་ཐོག་གཟིམ་ཤར་མགོན་ཁང་དུ་ཆོས་སྐྱོང་གཙོ་བསྡུས་ལ་གདུང་ལུས་ཁྲིལ་གེགས་མེད་བཙའ་ཐུབ་པའི་འཕྲིན་འཆོལ་བཀའ་དྲིན་སྐྱོང་སྐབས་རྡོ་རྗེ་རབ་བརྟན་མའི་ཐང་སྐུའི་ནུ་མ་གཡས་ནས་འོ་མ་བྱོན་འདུག་པས་མནལ་ལམ་དང་རྟགས་མཚན་དེ་ནི་ཁོ་བོ་ལ་ཞྭ་ལུའི་བག་ཆག་བསད་རྒྱུ་འདུག་པ་བཞིན་དེར་བཞུགས་སྒྲུབ་དཀྱིལ་འགྲན་མེད་དཔེ་ཧྲུལ་སུས་ཀྱང་ཉམས་གསོ་མ་ཐུབ་པ་རྣམས་སྡེ་དགེར་པར་གྱི་མགོ་འདྲེན་ཞུས་པ་བཞིན་རིང་མོ་ཞིག་ནས་ཚང་འགྲིག་ཞ་ལུར་ཕུལ་བ་དང་། དགོན་གནས་ཁྱད་ཅན་དེ་ན་གསོ་སྦྱོང་སོགས་འདུལ་བའི་རྣམ་གཞག་ལ་འདུ་སྐབས་ཆོས་ཀྱི་གཎྜི་ཚད་ལྡན་མི་འདུ་པས་གཎྜི་ཚད་ལྡན་ཕུལ་ཞིང་ཕན་འགྱུར་སྙན་སྒྲོན་ཡང་ཡང་ཞུ་བ་སོགས་ཤུགས་བྱུང་གི་བྱེད་པ་འདི་ལ་བལྟ་བ་འདྲ།
ས་བྱ་ནག་ཟླ་སྔོན་མའི་ཚེས་བཅུ་མཆོད་པ་མཛད་དུས་ཚོགས་ཆང་ལུད། དཔལ་གཏོར་དངོས་གྲུབ་ཚུལ་དུ་རང་གཞན་གྱིས་མྱང་པས་བུ་རམ་གྱི་རོ་འདྲ་བ་བྱུང་གསུང་འདུག་པ་ནི་དེ་དུས་མ་ཟད་ཕྱིས་སུ་ངེད་རང་དྲན་གསོས་ནས་ཚེས་བཅུའི་མཆོད་པ་མཛད་པ་ཁ་ཤས་ལའང་གཏོར་མའི་རོ་བུ་རམ་འདྲ་བ་ངེད་ཀྱིས་ཀྱང་མྱོང་ཤིང་ཚོགས་ཆང་ལུད་པ་ལན་གཅིག་བྱུང་བསམ། དེའི་ནམ་ཕྱེད་