R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༩༡
[A:༧༩༡]ཙམ་ནས་བཙའ་རན་གྲབས་བྱུང་བའི་མནལ་ལམ་དུ་མི་ཕོ་མོ་སྣ་ཚོགས་གཟབ་འཕྱོར་གྱིས་ས་སྐྱའི་ཕྱི་སྐོར་ལ་འགྲོ་ཞིང་བཛྲ་གུ་རུ་རིགས་གསུམ་མགོན་པོའི་གཟུངས་རྣམས་ལ་རྒྱུན་བཞིན་གདང་བྱེད་མུར་མ་ལགས་དེ་རང་གཟིམས་ཡོད་སྙམ་པར་པདྨ་ཆོས་དཔལ་གྱི་ཕྱག་ནས་འཐེན་ཅིང་ཡར་བཞེངས་བཅུག་ནས་ད་ལམ་གྱི་བུ་ཆུང་འདི་ལ་བཟང་པོ་མཆོག་ཏུ་ཐོགས་ཤིག་ཟེར་བ་ཤར། བཅུ་གཅིག་གི་ཉི་ཤར་སྤེན་སྐེག་ལང་འཚོ་སྦྱོར་ཐོག་བཙས། འཇའ་དང་མེ་ཏོག་ཆར་བྱུང་གསུང་བ་འདུག་ཀྱང་། ཕྱིས་སུ་གཞན་ནས་འཕྲོས་བྱེད་པར་དེ་ཉིན་སྨད་ཞིང་ལ་ས་བོན་བཏབ། ཐལ་རླུང་ཆེ་ཙམ་བྱུང་ཟེར་བས་ཁོ་བོ་དེ་དུས་ནས་ཐལ་བ་ཧུར་རེ་སྐྱེས་ཡོད་འདུག་གོ ། གང་ལྟར་དེ་དུས་ཀྱི་མནལ་ལམ་རྣམས་ལ་ཟླ་ཚེས་བཀོད་པའི་ཤོག་རིལ་དེ་རེ་ཞིག་མ་རྙེད་པས་སླར་ཡང་ཐུགས་དྲན་གསོས་པ་རྣམས་འདྲི་བར་མཛད་འདུག་ཅིང། ཕྱིས་སུ་ཤོག་རིལ་སྔོན་མ་བརྙེད་པས་ཕལ་ཆེར་འདྲ་ཞིང་རེ་གཉིས་ཟླ་ཚེས་ནོར་བ་དང་ལོ་རྒྱུས་ཀྱང་མི་འདྲ་བར་མཆིས། གཞན་ཡང་སྐུ་གསུང་ཐུགས་རྟེན་དུ་མ་གཟིགས་ཚུལ་འདུག་ཀྱང་འདིར་མ་བྲིས་སོ། །མངལ་ནས་ཐོན་ཕྲལ་ལྕེ་ལ་དྲི་བཟང་ཕྱེ་མས་དྷཱིཿ པར་རྡོ་རྗེ་རྣལ་འབྱོར་མའི་སིན་དཀྱིལ་ལྟར་བཏབ། སྲུང་བ་དང་ཟས་གོས་གཡོག་སོགས་གཅེས་སྤྲས་བཀའ་དྲིན་རྐྱང་ཞིང་། ཡབ་རྗེ་རྡོ་རྗེ་འཆང་ནས་བཏང་