R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༩༢
[A:༧༩༢]རག་སོགས་གང་ཅིའི་མཚམས་ལ་བཀའ་ཁྱབ་ཐུགས་རྗེ་ཆེ་ཡོད་འགྲོ་ཡང་ངེས་པ་ཞིག་མ་བྱུང་། བྱིས་པ་ཆུང་ངུ་དེ་གཏི་མུག་ཤས་ཆེ་བས་ཉིན་མཚན་ཕལ་ཆེར་གཉིད་བྱེད་ཅིང་ཡན་ལག་རྐྱང་སྐུམ་ཡང་ཆེར་མི་བྱེད་པས་ཤ་ཧྲག་རྣམས་ལ་རུལ་གཡའ་ཟུག་ཀྱང་མ་ལགས་སོགས་ཉེ་འཁོར་རྣམས་བསྟོད་ར་མཛད་སྙིང་འདོད་གྲགས་རྡོ་རྗེ་འཆང་གི་བཞུགས་སྟངས་ཡིན་འདུག་གླེང། འདོད་ཆགས་ཤས་ཆེ་བས་འོ་མ་བག་མེད་དུ་འཐུང་དགོས་པར་མ་ལགས་དེ་ཆབ་ཞོ་རྒྱས་པ་དང་ཐུག་པས་ངོམ་མེད་འཐུང་སྟེ་ཁར་ལུད་ནས་སྐྱ་ཉོག་གེ་སྡོད་པའང་བྱུང་། ཞེ་སྡང་ཤས་ཆུང་འདྲ་བས་ངུ་སྐད་དྲག་པོ་མི་འདོན་ཞིང་ཤིན་ཏུ་ཉན་པ་ཞིག་ཡོད་འདུག་པས་བུ་རྫི་རྒན་མོ་བཀྲ་ཤིས་རབ་མཛེས་དེས་བླ་མ་འདིའི་སྐྱིད་དུ་བཅུད་ཞེས་བསྔགས་བརྗོད་བྱེད། ལེགས་སོ་སྟེར་བའང་བྱུང་ཡོད་འགྲོ་ཡང་ཕྲོས་མི་འདུག མཛོད་པ་བཀའ་ཞི་བ་དེ་ཡོན་ཏན་དགའ་མོ་ཡོད་འདུག་པ་ཁོ་བོའི་རིང་འཚོའི་བདེན་ཚིག་ལ་སྔ་བ་ངག་ལ་དབང་བསྒྱུར་མ་རྩམ་འདུག་སྤྱིར་ཚིག་སྒྲ་ལེགས་ཤིང་ཁྱད་པར་ཐུགས་ཀྱི་བཞེད་དོན་འགྱུར་མེད་ཞབས་བརྟན་ཤོག་ཟེར་བ་འདི་ངེད་ལ་གཞན་ལས་རྟེན་འབྲེལ་དགེ་བར་ཡིན་འདུག་ཅིང་སྦྱར་བྱང་དུའང་ཡིན་མདོག་གང་ཡང་མ་བྱས་པར་ས་སྐྱ་པའི་རྗེ་བཙུན་གོང་མའི་ཞལ་ལུང་ལ་དད་པ་ཐོབ་པ་སྐལ་བཟང་སེར་མོའི་གྲལ་གཤམ་དུ་འདུད་པ་བདག་གི་རྨོངས་