[A:༧༨]མ་དུ་མ་བསྙེས་སོ། །
དེ་ནས་དགུང་ལོ་བཞི་བཅུ་རྩ་ལྔ་པ་ཤིང་ཡོས་ཤར་ཆེན་ཀུན་དགའ་བཀྲ་ཤིས་སྐུ་ཁམས་ཤིན་ཏུ་མ་བདེ་བས་གསུང་ངག་གནང་མ་ཐུབ་པའི་ཚབ་ཏུ་སྤྱན་འདྲེན་བྱུང་བ་བཞིན་ཨེ་ཝཾ་དུ་ཕེབས་ཏེ། རྗེ་རྡོ་རྗེ་འཆང་གི་ཆོས་ཁྲིའི་སྟེང་ནས་འདུས་ཚོགས་ལ་གསུང་ངག་ཡོངས་རྫོགས་ཆ་ལག་དང་བཅས་པ་གནང། ནག་ཟླའི་ཚེས་བརྒྱད་ལ་ཤར་ཆེན་གཤེགས་པའི་དགོངས་རྫོགས་ཚོགས་དབུ་དང། ས་གའི་སྒྲུབ་མཆོད་ཆེན་མོའི་ཚོགས་དཔོན། རབ་བྱུང་བསྙེན་རྫོགས་ཀྱི་མཁན་པོ་རྣམས་མཛད་པས་འདུས་ཚོགས་ཀྱི་གདན་ས་མཛད་པར་གསོལ་ཡང། རེ་ཞིག་རྩེ་གདོང་དུ་ཕེབས་ནས་ལོ་དེའི་སྟོན་རྗེ་ཉིད་ཀྱིས་མཁན་པོ། དཀོན་མཆོག་རྒྱ་མཚོས་ལས་སློབ། སྙིང་རྗེ་བཟང་པོས་གསང་སྟོན། ཤེས་རབ་རྒྱལ་མཚན་གྱིས་གྲིབ་ཚོད་པ་མཛད་དེ། ཤར་ཆེན་ཤེས་རབ་འབྱུང་གནས་ལ་བསྙེན་རྫོགས་སྩལ། སྟོན་ཆོས་དང་བསྟུན་ཨེ་ཝཾ་དུ་ཕེབས་ནས་འདུས་ཚོགས་ལ་རྡོར་ཕྲེང་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་དང་བཅས་པའི་དབང་བསྐུར་མཛད་པའི་ཚེ་ལྷ་ངོ་སྟོན་པ་ན་མངོན་རྟོགས་རྒྱས་པ་གསུང་པ་སོགས་ཕྱག་ལེན་ཞིབ་མོས་ཟླ་གཅིག་གི་བར་དུ་ཆོས་འཁོར་བསྐོར། དེ་ནས་དགུན་ཆོས་གསུང་ངག་གསུང་བ་དང་བསྟུན་རྗེ་རྡོ་རྗེ་འཆང་གི་གདན་སར་མངའ་གསོལ་ཏེ། ལོ་གསུམ་