[A:༧༩༤]གྱིས་སྲུང་ཐུབ་པ་འདྲ། དུས་མདོས་ཟབས་མའི་འཆམ་ཆས་སྒྲོས་གཙང་འདི་རྣམས་ཐོག་མར་གྱོན་ནས་མཛད་པ་ཡིན་འདུག་ཅིང་། དེ་དུས་སམ་ཕུར་སྒྲུབ་སྐབས་གང་ལ་མཐོང་བ་ཡིན་ཀྱང་ཁོ་བོ་བུ་རྫིའི་རྒྱབ་ལ་འཁུར་ནས་བཙུན་མོའི་ཐོག་སྟེང་བྱང་དེ་ན་ཡོད་དུས་ལྷས་ར་འདྲ་མོ་ཞིག་ན་ཀེང་རུས་འཆམ་བྱེད་པ་མཐོང་བ་ནི་དུར་ཁྲོད་བདག་པོ་འཆམ་མཛད་པ་དེ་མཐོང་བ་ཡིན་ནམ། ཡང་འཆམ་སྐུ་ཡིན་བསམ་པ་དེ་འདྲ་ལྷོ་གཟུགས་ལ་འབྱོན་འདུག་པར་གྱོན་མི་རྣམས་ཀྱི་སྟག་ལྷམ་བསམ་ཡས་ཆོས་སྐྱོང་གི་ཞབས་ཆགས་འདྲ་བ་གྱོན་འདུག ཡང་ནང་ལྷོའི་གློ་དཀར་དེ་ནས་བལྟས་སྐབས་འགའ་རེར་ཁྲིས་ཀྱི་གྲོོང་པ་དབོན་པོ་བའི་ཐོང་ཁུང་ལྷོ་དེ་ན་གྲ་པ་མགོོ་མེད་ཞིག་གུལ་གུལ་འདུག་པར་མཐོང་། ལོ་གསུམ་པ་ཙམ་ལ་ཡིན་ནམ་གང་ལྟར་མ་ལགས་དེ་སྙུང་སྐབས་ཞིག་སྐུ་རིམ་ཡིན་རྒྱུའི་ཁུལ་བྱས་ནས་བཙུན་མོའི་ཐབས་ཚང་དེ་ཐེམ་པ་ཤིན་ཏུ་ཐོ་བར་ཡོད་པས་དེ་ལ་སྟོད་ཉང་བྱས་ཐེམ་ཕྱིར་ཇ་ཤོག་སེར་པོ་ལིངྒ་ཡིན་པའི་ལུགས་བྱས་ནས་ཧཱུྃ་མཛད་ཕྱག་རྒྱ་མ་ཤེས་པས་བྱང་ཆུབ་མཆོག་རྒྱུ་འདྲ་མོ་བཅས་ནས་སངས་རྒྱས་ཀྱི་བཀའ་བདེན་པ་དང་ཞེས་སོགས་དགུག་གཞུག་གི་རྣམ་པ་བྱས་ཏེ་ཤོག་བུ་བླང་ནས་ཐབས་སྒོར་སྲེག་པ་དྲན། ལུས་ལ་གྱོན་གོས་ཀྱང་དཀར་དམར་ལས་གཞན་མི་གྱོན་ཁུལ་བྱེད་པར་ལན་གཅིག་ཕྱུ་པ་གཟི་ཁྲ་བཀོན་པས་ངུས་