R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A):
[A:༨]སྨད་འབུམ་མེ་ལས། དགུང་གྲངས་ཉེར་ལྔ་ཆུ་ཕོ་ཁྱི་ལོ་ལ། བདག་ཉིད་ཆེན་པོ་བཟང་པོ་དཔལ་བལྟམས་ནས། རེ་གསུམ་ཤིང་བྱི་བར་བཞུགས་དབུ་བླ་ནི། རྗེ་བཙུན་སྒྲོལ་མ་འཕགས་པ་རིན་པོ་ཆེ། ལ་སོགས་དུ་མའི་བདུད་རྩི་བཞེས་ཡོད་སྙམ། ཞལ་སློབ་རིགས་དང་ཆོས་འཁྲུངས་མང་ཡོད་ཀྱང། རྐང་གྲངས་སྨོས་པ་རེ་ཞིག་མ་མཐོང་ངོ། ། སྨན་ཙེ་མ་དང་ལུང་ཕུད་བཙུན་མོ་དྲུག། སྨན་ཙེ་མ་ལ་སྲས་གཅིག་ཆུང་ངུར་གཤེགས། ལུང་ཕུད་དང་པོ་རྒྱལ་ལྕམ་མུ་ད་གན། བསོད་ནམས་བཟང་པོ་ལྕམ་སྲིང་གཉིས་ཀྱི་ཡུམ། བསོད་བཟང་བཙུན་མོ་བུདྡྷ་གན་གྱི་སྲས། རཏྣ་བྷ་དྲ་ལུང་ཕུད་གཉིས་པ་ནི། མང་མཁར་སོག་སྤེ་ངང་མོར་བླ་ཆེན་པ། ཏི་ཤྲཱི་ཀུན་དགའ་བློ་གྲོས་བྱོན་པ་སྟེ། སྤྱི་ལ་དབང་སྒྱུར་གདུང་རབས་ཞེས་སུ་གྲགས། བཞི་ཐོག་བླ་བྲང་གི་གདུང་རབས། དེ་ལས་གྱེས་པ་བཞི་ཐོག་གདུང་རབས་ནི། ལུང་ཕུད་གསུམ་པ་གླང་མཚོ་ན་སྤེ་མ། ནམ་མཁའ་རྒྱལ་མོར་ཡབ་རྗེ་ཞེ་བཞི་པ། ཤིང་སྦྲུལ་མཁས་བཙུན་ནམ་མཁའ་ལེགས་འཁྲུངས་