[A:༨༠]ས་རྟ་ས་ག་སྒྲུབ་མཆོད་གྲོལ་ནས་མཁས་གྲུབ་དཔལ་ལྡན་དོན་གྲུབ་གདན་སར་བསྐོས་ཏེ་རྩེ་གདོང་དུ་ཕེབས། ཨེ་ཝཾ་དུ་ཕེབས་པའི་ཡར་མར་སྔ་ཕྱི་དུ་མར་བསམ་གྲུབ་རྩེར་མི་དབང་ཕུན་ཚོགས་རྣམ་རྒྱལ་གྱིས་ཡང་ཡང་སྤྱན་དྲངས་ནས་བརྒྱ་འབུལ་མང་པོ་དང་དབུས་གཙང་གི་ཆོས་གཞིས་འགའ་ཞིག་ཀྱང་ཕུལ་ཏེ། དབང་རྗེས་གནང་སོགས་ཆོས་ཆར་རྒྱ་ཆེར་ཕབས་ཤིང། མི་དབང་ཆེན་པོ་ཉིད་རྗེ་འདིའི་ཡོན་ཏན་ལ་ཐུགས་ངེས་ཤེས་འདྲོངས་ཏེ་སངས་རྒྱས་དངོས་ཀྱི་འདུ་ཤེས་མཛད་དོ། །
རྟ་ལོའི་དགུན་བྲག་རྫོང་མའི་ལྗགས་བསྙེན་ཡུན་རིང་མཛད་པའི་ཚེ་སྲོད་ཐུན་གྱི་ཐུན་གཏོར་བྱ་རོག་གིས་རྒྱུན་དུ་ལེན་ཞིང། སྔ་དྲོ་བཞེངས་ཕྱིས་ན་ཞབས་པུས་ནས་བཏེག་ཉམས་ཞིག་ཡང་ཡང་བྱུང་བས། སྐུ་དྲུང་པ་རྣམས་ལ་ཁྱེད་ཚོས་བཏེག་པ་མིན་ནམ་གསུངས་ཤིང། ལྷུན་པོ་རྩེའི་ལྟག་ཏུ་སྒྲུབ་ཆུ་ཐོན་ཏེ་འཁྱག་བ་གསུམ་བྱུང་བ་སོགས་གྲུབ་པའི་མཚན་མ་བརྙེས་སོ། །
ལུག་ལོ་གཅུང་འཇིག་རྟེན་དབང་ཕྱུག་གི་གཙོ་མཛད་གཞིས་བྱེས་དད་འདུས་རྣམས་ལ་རྩེ་གདོང་དུ་གསུང་ངག་གནང། སྤྲེ་ལོ་ནཱ་ལེནྡྲར་ཕེབས་ནས་རྡོ་རྗེ་ཕྲེང་བའི་དབང་དང་གསུང་ངག་སོགས་ཆོས་འཁོར་བསྐོར། རྒྱ་མ་རིན་ཆེན་སྒང་དུ་གསུང་ངག་གནང་བ་སོགས་བཀའ་ཆོས་བསམ་གྱིས་མི་ཁྱབ་པ་སྩོལ་བའི་ངང་ནས་དབུས་