R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༨༡
[A:༨༡]སུ་ཟླ་བ་བཅུ་གསུམ་བཞུགས་ཏེ་ཡར་ཕེབས། ལྕགས་བྱ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་སྤྱན་དྲངས་ནས་གུར་གྱི་མགོན་པོའི་དབང་རྗེས་གནང་ལུང་འཁྲིད་རྣམས་དང། ཞལ་གྱི་རྗེས་གནང་ལུང་འཁྲིད། དམར་པོ་སྐོར་གསུམ་གྱི་རྗེས་གནང་དང་ལུང། མཁའ་སྤྱོད་མའི་ཁྲིད། དུད་གསོལ་པོད་ཆུང། རྣམ་སྲས། བཀའ་གཏེར་དུ་མ། ཤངས་ཆོས་ནི་གུའི་སྐོར་དུས་འཁོར་གྱི་དབང་ཚེ་བཀའ་སོགས་ཆོས་བཀའ་ཕོན་ཆེ་བར་གསན་ཅིང། རྗེ་འདིས་ཀྱཻ་རྡོར་བཀའ་བབས་བཞིའི་སྦྱོང་དཀྱིལ་བཅུ་གཉིས་རྣམས་ཀྱི་དབང་དང། ཟུར་བཀའ་འགའ་ཞིག་ས་པཎ་བཀའ་འབུམ་གྱི་ལུང་སོགས་འབུལ་བར་མཛད་དོ། ། ཆུ་ཁྱི་ལོ་ཚེར་ལུང་པ་ཀརྨ་ཀུན་དགའ་རྣམ་རྒྱལ་ཞེས་རྒྱལ་བ་ཞྭ་དམར་བ་ཆོས་ཀྱི་དབང་ཕྱུག་དང་ཆོས་ཕར་གསན་ཚུར་གསན་མཛད་པ་དེ་ཉིད་ལ་རྗེ་ཞྭ་དམར་བས་བཀས་བསྐུལ་ཞིང། རང་ཉིད་ཀྱང་ཐུགས་དྭངས་ཀྱི་སྒོ་ནས་གསུང་ངག་ཞུ་བར་བྱོན་པར་ལམ་འབྲས་སྨིན་གྲོལ་ཆ་ལག་ཚང་མ་གནང་བ་བཞིན་དེ་ཉིད་ཀྱི་དྲུང་དུ་རྒྱལ་བ་ཞྭ་དམར་བས་གསན་པ་ནི་གཞན་ལས་རྨད་དུ་བྱུང་བའི་རྣམ་ཐར་རོ། ། ཚེར་ལུང་པས་གཅུང་འཇིག་རྟེན་དབང་ཕྱུག་ལ་དུད་སོལ་པོད་ཆུང་གི་ལུང་གསན། ཤིང་བྱི་ཁམས་ནས་སྒར་ཆེན་མཐུ་སྟོབས་དབང་ཕྱུག་ས་སྐྱར་ཕེབས་ཞོར་རྩེ་གདོང་དུ་ཕེབས་