[A:༨༢]ཏེ། ཀྱཻ་རྡོར་རྒྱུ་ལམ་གྱི་དབང་སོགས་དགོས་གསུངས་པ་བཞིན་འབུལ་བར་མཛད་ཅིང། ཆོས་སྲིད་ཀྱི་སྒོ་ནས་ཁུ་དབོན་ཐུགས་ཤིན་ཏུ་མཐུན་པར་གྱུར།
ཡང་ཤིང་གླང་ལོ་ངག་དབང་ཆོས་གྲགས་ཕེབས་ཏེ་རྡོ་རྗེ་ཕྲེང་བའི་དབང་དང་ཀུན་མཁྱེན་སྔགས་འབུམ་གྱི་ལུང་སོགས་གནང། ཚུར་ཚེ་བཀའ་སོགས་འབུལ་བ་མཛད། གཅུང་འཇིག་རྟེན་དབང་ཕྱུག་ཞི་བར་གཤེགས་པའི་དགོངས་རྫོགས་དང། རྟེན་བཞེངས་རབ་གནས་སོགས་མཛད་དེ་ལོ་དེའི་ཁྲིམས་ཟླའི་བཅུའི་ཉིན་རྗེ་ཉིད་ཀྱིས་མཁན་པོ། ངག་དབང་ཆོས་གྲགས་ཀྱིས་ལས་སློབ། སྤྱན་སྔ་ཀུན་དགའ་དོན་གྲུབ་ཀྱིས་གསང་སྟོན། སྙིང་རྗེ་བཟང་པོས་གྲིབས་ཚོད་པ། ཤེས་རབ་རྒྱན་མཚན་གྱི་ཞུ་བ། ཆོས་སྐུ་རྡོ་རྗེ་བ་སོགས་དད་དགེའི་དབུས་སུ་གདུང་བརྒྱུད་རིན་པོ་ཆེ་བྱམས་པ་བསོད་ནམས་ལྷུན་གྲུབ་བསྙེན་པར་རྫོགས།
མེ་སྟག་དཔྱིད་ཀ་ཧོར་ཆོས་རྗེ་གཤེགས་ནས་ཟམ་ཚེར་དུ་རྗེ་འདི་སྤྱན་དྲངས་ཏེ་རྗེས་སྒྲུབ་རྣམས་མཛད། དེ་ནས་རིན་སྤུངས་བདག་མོས་སྤྱན་དྲངས་ཏེ་མཆོད་ཅིང་ཆོས་བཀའ་དང་རབ་གནས་གཏོར་སྒྲུབ་སོགས་མཛད་ཅིང་འབྲས་ཡུལ་སྐྱིད་ཚལ་འདུས་ཚོགས་ལའང་ཆོས་འབྲེལ་གནང། སྣྲོན་ཟླའི་ཉེར་ལྔ་ལ་སྙིང་རྗེ་བཟང་པོ་དགུང་ལོ་བརྒྱད་ཅུར་ཕེབས་པ་དེ་གཤེགས། མེ་ཡོས་དཔྱིད་ནཱ་