[A:༨༨]ཁོ་ན་ལ་སྦྱང་པ་ལྟར་ཐོགས་པ་མེད་པའི་སྒོ་ནས་ནཱ་ལེནྡྲར་གསུང་ངག་ཚར་བརྒྱད། རྒྱ་མ་རིན་ཆེན་སྒང་དུ་གཅིག་ཨེ་ཝཾ་ཆོས་ལྡན་དུ་བཞི། རྩེ་གདོང་ཏུ་གཉིས་ཏེ་ཀུན་སྒྲིལ་བཅོ་ལྔ་གསུང་བ་རེ་རེ་ལ་ཡང་རྒྱུ་ལམ་གྱི་དབང་གྲངས་མེད་ལྟ་བུ་དང། རྡོ་རྗེ་ཕྲེང་བ་ནཱ་ལེནྡྲར་གཉིས། ཨེ་ཝཾ་དང་རྩེ་གདོང་དུ་རེ་རེ་སྟེ་བཞི། ས་སྐྱ་བཀའ་འབུམ་ཚར་གཉིས། རྡོ་རྗེ་འཆང་དང་ཀུན་མཁྱེན་བཀའ་འབུམ་སོགས་ལུང་དུ་མ། སྤྱི་བཀའ་དང་ཟུར་བཀའི་རྗེས་གནང་དུ་མ། སྦྱོང་དཀྱིལ་སོགས་དབང་བཀའ་དུ་མ། རབ་བྱུང་བསྙེན་རྫོགས་སོགས་གྲངས་མེད་ཀྱི་མཁན་པོ་མཛད་དེ་གནས་སྐབས་དེ་དག་ཏུ་ཡང་ལས་སླ་ཅུང་ཟད་ཀྱང་མི་མཛད་པར་ཉིན་མཚན་དུ་མ་སྦྲེལ་ནས་ཆོས་འཆད་དང་ཐུགས་དམ་ཆག་མེད་རྣམས་ལ་རྟག་འགྲུས་སུ་མཛད་ཀྱང་བསྙུན་མི་མངའ་ཞིང། སྐུ་མདངས་ཇེ་རྒྱས་སུ་འགྲོ་བ་དང་བདག་གཞན་བརྗེ་བའི་བྱང་ཆུབ་སེམས་ཀྱི་ཀུན་ལ་བུ་གཅིག་པ་ལྟར་བརྩེ་བས་གདོལ་སྤྱོད་ཁྲོ་གཏུམ་ཅན་དག་སྐུ་མདུན་དུ་སླེབས་མ་ཐག་ཞི་མལ་གྱི་འགྲོ་བ་སོགས་བསམ་གྱིས་མི་ཁྱབ་བོ། །
དེ་ནས་དགུང་ལོ་ང་དགུ་སྦྲུལ་ལོའི་སྟོན་དབོན་རིན་པོ་ཆེར་ནཱ་ལེནྡྲ་ནས་སྤྱན་འདྲེན་བྱུང་བ་བཞིན་ཕེབས་སྐབས་གང་ཅིའི་བཀའ་བཀོད་རྒྱས་པ་དང། གྱེ་རེ་མདོ་ཆོད་བར་ཕེབས་སྐྱེལ་